དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཨུ་ལྷན་གྱིས་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    ཟླ་2ཚེས་7ཉིན། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་དོན་ཨུ་ལྷན་གྱིས་2025ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ངང་དོན་འཁྱོལ་བྱ་རྒྱུར་དམིགས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་རིང་ཅན་ལ་སྐུལ་འདེད་བཏང་ཞིང་། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལྟ་བསྡུར་ཞིབ་བཤེར་དང་ཏང་གཤིས་དབྱེ་ཞིབ་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཚོགས་འདུར་ཞུགས་པ་དང་། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་བ་དང་འབྲེལ་དཔྱད་གཏམ་ཡང་སྤེལ་བ་རེད།

    བསོད་ནམས་ཉི་མས་བསྟན་དོན། ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་པུའུ་དོན་ཨུ་ལྷན་ཚན་ཁག་གི་ཁོངས་མིས་རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་དེའི་ནང་འཇོག་པ་མཐའ་འཁྱོངས་བྱས་ནས་ཚོགས་འདུ་མ་འཚོག་གོང་གྲ་སྒྲིག་གང་ལེགས་བྱས་པ་དང་། གནད་དོན་བཤེར་འདོན་གནད་སྨིན། རྒྱུ་རྐྱེན་དབྱེ་ཞིབ་གཏིང་ཟབ། དག་ཐེར་བྱེད་ཐབས་ཞིབ་ཕྲ་བཅས་བྱས་པས་བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་ཆེར་གཏོང་། ལས་དོན་སྐུལ་སྤེལ་བཅས་ཀྱི་དམིགས་ཚད་དུ་སླེབས་ཡོད།

    བསོད་ནམས་ཉི་མས་ནན་བཤད་གནང་དོན། པུའུ་དོན་ཨུ་ལྷན་ཚན་ཁག་གི་ཁོངས་མིས་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་པོར་འཛུགས་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཐད་ནས་འཐབ་ཕྱོགས་གཅིག་གྱུར་ལ་ལྟ་བ་དང་འཐབ་ཕྱོགས་གཅིག་གྱུར་ལ་དམ་འཛིན་བྱེད་པ། ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་ནན་ཏན་བཅས་བྱས་ཏེ། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་གང་ལེགས་ཁྱབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།