བོད་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།
ཚོགས་འདུའི་དགོངས་དོན་ས་མཐོའི་གང་སར་ཁྱབ། སེམས་ནུས་གཅིག་སྒྲིལ་འཕེལ་རྒྱས་ཡོང་བར་འབད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་དེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཡོད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཚང་མས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་འཆར་གཞི་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཐོག དངོས་སྒྲུབ་ཡར་བརྩོན་གྱི་རྣམ་པའི་ཐོག་ནས་བརྗིད་ཆེའི་འཆར་གཞི་ཏན་ཏན་ཏིག་ཏིག་གི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་འགྱུར་བ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཉེ་ཆར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་། ལྗོངས་ནང་ཁུལ་གྱི་སྤྱི་ཚོགས་ཚན་རིག་སྒྲིག་གཞི་དང་མཐོ་སློབ་དང་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། སློབ་མའི་འཐུས་མི་བཅས་མི་80ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ལ་དམ་པོར་དམིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་འཕེལ་རྒྱས་ཀྱི་འབྲེལ་ཡོད་གྲོས་གཞིར་བགྲོ་གླེང་གཏིང་ཟབ་བྱས་ཤིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཕྱོགས་མང་པོ་ནས་འཕེལ་རྒྱས་ཀྱི་དམིགས་ཚད་དང་། རྩ་དོན། ཐབས་ལམ་བཅས་ལ་གསལ་འགྲེལ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ(ཡོན་ཀྲང་གཞོན་པ)རིན་ཆེན་དབང་རྒྱལ་གྱིས“ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུས་སྤེལ་རེས་ཀྱི་ལས་སྟེགས་ནུས་ལྡན་ཞིག་བཏོད་ནས་བསམ་བློའི་ངོས་འཛིན་གཅིག་མཐུན་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་ཡོད། གོམ་སྟབས་རྗེས་མར། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཐབ་ས་གཙོ་བོའི་ནུས་པ་མུ་མཐུད་བཏོན་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བསམ་བློའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བརྟན་པོ་ཞིག་བྱེད་ཀྱི་ཡིན”ཞེས་བཤད།
ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྦྲང་ཆར་ཟིལ་མ་བཞིན་གཞི་རིམ་ལ་སྨིན་ཡོད། ནག་ཆུ་གྲོང་ཁྱེར་གྱིས“ཕྱོགས་ཡོངས་ལ་ཁྱབ་པ་དང་། རིགས་དབྱེ་ནས་བརྒྱུད་སྤེལ། ལག་ལེན་དུ་སྒྱུར་བ”བཅས་ཀྱི་སྒྲོག་འགྲེལ་བྱེད་སྟངས་སྤྱད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་ཡོད།
ནག་ཆུ་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་ཀྱི་རྐང་འཛིན་པ་དང་། གཞི་རིམ་གྱི་ལས་བྱེད་པ། ཨ་ཁུ་འབྲོག་པའི་སྒྲོག་འགྲེལ་བ་སོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས“1+N”སྒྲོག་འགྲེལ་དཔུང་ཁག་གི་མ་ལག་བཙུགས་ཤིང་། གྲོང་ཁྱེར་རིམ་པའི་ལྟེ་བའི་སྒྲོག་འགྲེལ་ཚོགས་པ་1གིས་ཁྱད་ལྡན་གཞི་རིམ་སྒྲོག་འགྲེལ་ཡན་ལག་རུ་ཁག་མང་པོར་སྣེ་ཁྲིད་དེ། དབུ་དཀར་གྱི་སྒྲོག་འགྲེལ་རུ་ཁག་དང་། གཞོན་ནུའི་སྒྲོག་འགྲེལ་རུ་ཁག “རྟ་པའི་སྒྲོག་འགྲེལ་རུ་ཁག” “སྦག་སྦག་གི་སྒྲོག་འགྲེལ་རུ་ཁག”སོགས་ཁྱད་ལྡན་སྒྲོག་འགྲེལ་སྟོབས་ཤུགས་ཀྱིས་ལས་ཁུངས་དང་། ཁེ་ལས། སློབ་གྲྭ འབྲོག་ཁུལ་བཅས་ལ་སྒྲོག་འགྲེལ་བྱས་ཡོད། ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དང་། རྒན་རྒོན་ཚོགས་སྤྱི། གཞོན་ནུ་ལོ་ཆུང་། གཞི་རིམ་ལས་བྱེད་པ་སོགས་ལ་དམིགས་ནས་སྒྲོག་འགྲེལ་བྱེད་སྟངས་མི་འདྲ་བ་སྤྱད་དེ་ཁོང་ཚོར་གོ་ཐུབ་པ་དང་། བློ་ལ་ངེས་པ། སྤྱོད་ཐུབ་པ་བཅས་བྱས་པ་མ་ཟད། སྒྲོག་འགྲེལ་བྱེད་རིང་། མང་ཚོགས་ཀྱི་རེ་འབོད་ལ་གཅིག་སྡུད་གསལ་འགྲེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དེ“ཕྱོགས་རྐྱང་པའི་དྲིལ་བསྒྲགས”ནས“ཕྱོགས་གཉིས་པོའི་མཉམ་འགུལ”ལ་འགྱུར་བར་སྐུལ་འདེད་བཏང་ཡོད།
ལུའུ་ལུའུ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་འགྲམ་དང་སྐྱིད་གྲོང་འགག་སྒོར་བསྐྱོད་སའི་G318དང་G219ཡི་འགྲིམ་འགྲུལ་ལམ་མདོ་བསྲུངས་ནས། གྲོང་ཁྱེར་སྲུང་སྐྱོང་དང་གཙང་སེལ་གྱི་ནུས་པ་འདོན་བཞིན་ཡོད། དེ་ནི་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁྲོད་འགྲུལ་རྒྱུན་དང་འཁོར་རྒྱུན་མང་ཤོས་ཀྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་རེད། ལུའུ་ལུའུ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཀྲང་མོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཐད་ལྷག་བསམ་རྣམ་དག་བྱེད་པ་དང་། གཙོ་འགན་གཙོ་ལས་ལ་དམིགས་པ། མཐའ་མཚམས་ཀྱི་ཞིབ་བཤེར་འཛིན་བཟུང་རྩལ་ནུས་ལ་ཞིབ་འཇུག་ཞིབ་ཚགས་བྱེད་པ། དཔྱད་བཤེར་བརྒྱུད་རིམ་ལེགས་སུ་གཏོང་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། དོ་དམ་དང་ཚོད་འཛིན་གནད་སྨིན་གྱི་ནུས་པ་ཆེ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་མཐའ་མཚམས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐའ་མཚམས་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཡོད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།