དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོར་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཁག་173ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་འགོད་ཆེན་པོ་དགུ”ལག་ལེན་གཏིང་ཟབ་བསྟར་བས། ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2025ལོར་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའ་ཁག་173ཐོབ་པ་དང་། དེའི་ནང་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་བརྩམས་ཆོས་དང་དཔེ་མཚོན་ཁག་94དང་སྔོན་ཐོན་མི་སྒེར་79ཡོད་པ་རེད།

    གཞན་ཡང་། བོད་ཀྱི་མི་21རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་དྲུག་པའི་ནང་ཚུད་ཅིང་། དཔལ་ལྡན་དབང་ཕྱུག་སོགས་སྒྱུ་རྩལ་མཁས་ཅན་ལ“དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་བའི་ཤེས་ལྡན་པ”དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གཞི་རིམ་གྱི་ལས་དོན་པ་མང་པོ་ཞིག་ལ་2025ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་ལྷ་ས་ཡན་ལག་ཚོགས་ར་སོགས་ཀྱི་བྱེད་སྒོའི་ཁྲོད“མངོན་གསལ་དོད་པའི་ལེགས་སྐྱེས”འབུལ་མཁན་གྱི་གཟེངས་བསྟོད་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།