ལོ་གསར་དགའ་བས་བསུ། བྱེད་སྒོ་འཁྲུག་ཆ་དོད།

འདི་ནི་སྤྲོ་སྣང་ལྡན་པའི་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོའི་ནང་ལས་དོན་པས་ལྟད་མོ་བར་དྲན་རྟེན་དངོས་པོ་སྤྲོད་བཞིན་པ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཟླ་2ཚེས་7ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི“ཀོང་པོའི་དབྱངས་སྙན། མི་རིགས་རྒྱན་གོས་ཀྱི་ཉམས་འགྱུར”ཞེས་པའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། བྱེད་སྒོ་དེས་ཀོང་པོའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམས་སྟོན་བྱ་རྒྱུ་ལྟེ་བར་བྱས་ནས་དྲ་ཐོག་ཐད་གཏོང་དང་ས་ཡུལ་དངོས་སུ་ཞུགས་པའི་རྣམ་པ་བརྒྱུད། གྲོང་མི་དང་ཡུལ་སྐོར་བར་མིག་ཡིད་རྣ་བའི་དགའ་སྟོན་ཞིག་བཤམས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་མི་གྲངས་200ལྷག་ཙམ་ཞུགས་པའི་ཡིད་དབང་བཀུག་པ་དང་མི་ཐེངས་ཁྲི་2ལྷག་ཙམ་དྲ་ཐོག་ནས་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།