དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ལ་མ་དངུལ་སྒོར་དུང་ཕྱུར་947.59བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    ཉེ་ཆར། གསར་འགོད་པས་2026ལོའི་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་སྡོད་ཁང་འཛུགས་སྐྲུན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འཆར་འགོད་ཁ་གསལ་གྱི་ལྟེ་བའི་དམིགས་ཚད་ཁག་12ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་947.59བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་། རང་ལྗོངས་ཀྱི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཟམ་པ་14དང་གྲོང་ཁྱེར་གྱི་འགྲོ་ལམ་སྤྱི་ལེ་389གསར་སྐྲུན་དང་སྒྱུར་བཀོད་བྱས་པ་དང་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་ཆ་སྙོམས་ལམ་དྲ་སྟུག་ཚད་སྤྱི་ལེ་ངོས་གྲུ་རེར་སྤྱི་ལེ་5.4རེ་ཟིན་ཡོད། རྫོང་གྲོང་ཚང་མར་རྒྱུན་རྣམ་ཅན་གྱི་ཆུ་མཁོ་འདོན་ཐུབ་ནས་གྲོང་ཁྱེར་གྱི་སྤྱི་པའི་ཆུ་མཁོ་འདོན་ཁྱབ་གདལ་ཐུབ་ཚད་100%ཟིན་པ། སྤྱི་ལེ་895ཡི་ཆུ་འབུད་གདོང་དྲ་གསར་སྐྲུན་སྒྱུར་བཀོད་བྱས་ཡོད། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་901.7ལ་གསར་དུ་དྲོད་བཏང་བས་མི་ཁྲི་73ལ་ཕན་པ་ཐོབ་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཡས་མས་ཟིན་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་རེར་ཆ་སྙོམས་འཕར་ཚད་1%ཟིན་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། ལྗོངས་ཡོངས་ཀྱི་ཆུས་དང་གྲོང་ཁྱེར་དང་རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཅིག་བསྡུས་གཙང་གསིང་བྱེད་ཚད་97.67%དང་93.24%སོ་སོར་ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་1.39དང་15.18སོ་སོར་མཐོ་རུ་ཕྱིན་ནས་རྫོང་གྲོང་དང་དེ་ཡན་གྱི་བཙོག་ཆུ་གཙང་གསིང་ཡོངས་སུ་ཁྱབ་པ་དང་། རྫོང(ཆུས)74ཡི་འཛུགས་སྐྲུན་ཁུལ་དུ་ཐོག་མཐའ་བར་གསུམ་དུ“དྲི་ངན་མེད་པ”རྒྱུན་འཁྱོངས་བྱས་ཡོད། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་ཚད་99.34%ཟིན་པ་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་གཙང་སེལ་མ་ལག་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་98%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།