བོད་ཀྱི་ས་ཆ་འདི་དག་ལ་གངས་ཆེན་པོ་འབབ་པ་འདུག
ཟླ་2ཚེས་8ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་མ་འོངས་ཉིན་10(ཟླ་2ཚེས་9ནས་18ཉིན་བར)ཡི་རིང་། རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་པ་དང་སྐབས་འགར་ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་ཆེ་ཙམ་ཡོད་ཅིང་། དེའི་ནང་ཚེས་11དང་12ཉིན། ཉིང་ཁྲིར་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། མེ་ཏོག་དང་སྤོ་བོའི་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། ཚེས་16ནས་18ཉིན་བར། ཉིང་ཁྲིར་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། མེ་ཏོག་དང་སྤོ་བོའི་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ཡས་མས་འཚུབ་རྒྱུ།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་2ཚེས་9དང་10ཉིན། ཉིང་ཁྲིར་གནམ་འཐིབས་ནས་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ་དང་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ།
ཟླ་2ཚེས་11དང་12ཉིན། ཉིང་ཁྲིར་གངས་སམ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་དང་སྤོ་བོའི་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད། ལྷ་སའི་ཤར་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ལྷ་སའི་དབུས་རྒྱུད་དང་། ནུབ་རྒྱུད། བྱང་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། གངས་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་རླུང་རིམ་པ་9ཡས་མས་འཚུབ་རྒྱུ།
ཟླ་2ཚེས་13ནས་15ཉིན་བར། ཉིང་ཁྲི་དང་། ཆབ་མདོའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ།
ཟླ་2ཚེས་16ནས་18ཉིན་བར། ཉིང་ཁྲིར་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེའི་ནང་མེ་ཏོག་དང་སྤོ་བོའི་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་དང་། ནག་ཆུའི་ཤར་རྒྱུད། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ།
ཤ་ཚའི་དྲན་སྐུལ།
ལྷ་སའི་ཤར་རྒྱུད་དུ་གངས་འབབ་པ་ལས། རྒྱ་ལམ་318ཀྱི་སྤོ་བོ་ནས་ཀོང་པོ་རྒྱ་མདའ་བར་དང་། ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་ཀོང་པོ་རྒྱ་མདའི་དུམ་བུ། སྤོ་མེ་གཞུང་ལམ་གྱི་དགའ་ལུང་ལའི་དུམ་བུ། ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་གྱི་རྡོ་གཞོང་ལའི་དུམ་བུ་སོགས་སུ་གངས་གསོག་དང་འཁྱགས་པ་ཐེབས་སྲིད་པས། འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་གནང་རོགས།
འབྲེལ་ཡོད་གསར་འགྱུར།