དཀྲོག་གཏམ་རང་རེད། དངུལ་འཐོལ་པ་སྤྲོད་དགོས་མི་འདུག
ཉེ་ཆར། སྤྱི་ཚོགས་སུ་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་སྐབས་དངུལ་འཐོལ་པ་སྤྲད་ན། ལམ་སེང་བཟོ་གི་འདུག་ཅེས་ཤོད་ཀྱི་ཡོད་པའི་སྐོར་ལྷ་ས་སྲིད་དོན་ཞབས་ཞུའི་འཕྲིན་སྟེགས་སུ་ཆ་འཕྲིན་སྤེལ་འདུག
ལྷ་ས་གྲོང་ཁྱེར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་ཀྱིས་དེ་ནི་དཀྲོག་གཏམ་རང་རེད་ལ། ཁྲིམས་དང་མི་མཐུན་པའི་སྒྲིག་གཞིས་དངུལ་བསྡུ་བའི་ཐབས་ཤེས་ཡིན་པས། མང་ཚོགས་ཀྱིས་ཡིད་ཆེས་བྱ་རྒྱུ་མེད་ལ་མགོ་སྐོར་མི་ཐེབས་པ་བྱ་དགོས་པའི་གསལ་བསྒྲགས་བྱས་འདུག
ལྷ་ས་གྲོང་ཁྱེར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་ཀྱིས་དུས་དང་རྣམ་པ་ཀུན་ཏུ“མི་དམངས་གོང་དུ་བཀུར་བའི”ཞབས་ཞུ་རྒྱུན་འཁྱོངས་བྱས་ཐོག་གྲོན་དངུལ་བསྡུ་བའི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱས་ཏེ། གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་སྐབས། གཏན་འབེབས་ལྟར་ལག་དེབ་ཀྱི་རིན་པ་བསྡུ་བ་ཕུད། མིང་གང་རུང་དང་བྱ་ཐབས་གང་རུང་ལ་ཁ་གཡར་ནས“མྱུར་སྒྲུབ་ཀྱི་གྲོན་དངུལ”དང“ཞབས་ཞུའི་གྲོན་དངུལ”སོགས་ཀྱི་དངུལ་འཐོལ་པ་རྩ་བ་ནས་བསྡུ་མྱོང་མེད་ཅེས་བརྗོད།
འབྲེལ་ཡོད་གྲོན་དངུལ་བསྡུ་བའི་ཚད་གཞི་ཁ་གསལ་བཟོས་པ་གཤམ་གསལ།
•མ་གནས་གྲོན་དངུལ། ལག་དེབ་རེར་སྒོར་10ཡིན་པ།
•སྡོད་ཁང་རིགས། ལག་དེབ་རེར་སྒོར་80ཡིན་པ།
•སྡོད་ཁང་མིན་པའི་རིགས། ལག་དེབ་རེར་སྒོར་550ཡིན་པ།
གལ་ཏེ་ཁྱེད་རང་གིས་ཁྲིམས་དང་མི་མཐུན་པའི་བྱེད་སྤྱོད་དེ་རིགས་མཐོང་བའམ་ཡང་ན་འབྲེལ་ཡོད་ཁུངས་སྣེ་ཧ་གོ་ན། ཐད་ཀར་ལྷ་ས་གྲོང་ཁྱེར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་སུ་ཕེབས་པའམ་ལྟ་སྐུལ་ཁ་པར་0891-6953000དང་0891-6370815བརྒྱུད་ང་ཚོར་སྙན་སེང་ཞུ་རོགས།
ལྷ་ས་གྲོང་ཁྱེར་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལྟེ་གནས་ཀྱིས།
2026ལོའི་ཟླ་2ཚེས་3ཉིན།
འབྲེལ་ཡོད་གསར་འགྱུར།