དབུ་ཤོག
  • ལྷ་སའི་ས་ཆ་འདི་དག་ལ་གངས་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-02-09

    ཟླ་2ཚེས་7ཉིན། 

    ལྷ་སའི་གནམ་གཤིས་སྐད་འཕྲིན་སྤྱི་རྟགས་སུ།

    ཉིན་གསུམ་རིང་གི་གནམ་གཤིས་སྔོན་བརྡ་བཏང་བ་གཤམ་གསལ།


    གནམ་གཤིས་སྟོན་ཚུལ་གཙོ་བོ། 

    ཟླ་2ཚེས་8ཉིན། ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་ནས་གནམ་དྭངས་རྒྱུ་དང་། ཐོ་རེངས་སུ་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་གནམ་འཐིབས་ནས་གངས་སིམ་སིམ་འབབ་རྒྱུ། ཕྱི་དྲོར་ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ། དེ་བཞིན་འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། ཆུ་ཤུར་རྫོང་བཅས་ཀྱི་ས་ཆ་མང་ཆེ་བ་དང་མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ།

    ཟླ་2ཚེས་9ཉིན། ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་དང་། ཕྱི་དྲོར་ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་4ནས་5བར་རྒྱག་རྒྱུ། བྱང་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ།

    ཟླ་2ཚེས་10ཉིན། ལྷ་ས་གྲོང་ཁྱེར་གྱི་ས་ཆ་ཁག་ཏུ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་དང་། ཕྱི་དྲོར་ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ། བྱང་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ།

    མ་འོངས་ཆུ་ཚོད་24རིང་གི་འགྲིམ་འགྲུལ་གནས་ཚུལ་སྔོན་བརྡ། 

    1.གཞུང་ལམ་གྱི་འགྲིམ་འགྲུལ་གནས་ཚུལ་སྔོན་བརྡ།

    ལྷགས་པ་ཆེན་པོ་རྒྱག་པ་ལས་ལམ་དུམ་འདི་དག་ལ་ཤུགས་རྐྱེན་ཐེབས་རྒྱུ་སྟེ། རྒྱལ་ལམ་109ཡངས་པ་ཅན་ནས་འདམ་གཞུང་བར་གྱི་ལམ་དུམ་དང་། རྒྱལ་ལམ་318ཆུ་ཤུར་ནས་སྙེ་མོ་བར་གྱི་ལམ་དུམ་དང་རུ་ཐོག་ནས་བར་ལ་བར་གྱི་ལམ་དུམ། རྒྱལ་ལམ་561གདང་ལ་ནས་འདམ་གཞུང་བར་གྱི་ལམ་དུམ། རྫོང་ལམ་105འདམ་གཞུང་ནས་གནམ་མཚོ་བར་གྱི་ལམ་དུམ།

    2.ལྕགས་ལམ་གྱི་འགྲིམ་འགྲུལ་གནས་ཚུལ་སྔོན་བརྡ།

    སྔོན་དཔག་བྱས་ན། ལྕགས་ལམ་རྒྱུད་ཀྱི་ལྷ་སའི་དུམ་བུར་གནམ་དྭངས་བ་དང་། ཕྱི་དྲོ་ནས་ས་སྲོད་བར་ལྷ་ས་ནས་འདམ་གཞུང་བར་གྱི་ལམ་དུམ་དང་། ལྷ་ས་ནས་ཆུ་ཤུར་བར་གྱི་ལམ་དུམ། ཆུ་ཤུར་ནས་སྙེ་མོ་བར་གྱི་ལམ་དུམ་བཅས་སུ་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།