དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྒྱལ་ཁབ་ཀྱི་ཁ་གསབ་གསར་པ”ལག་ལེན་བསྟར་བའི་ཟླ་བ་ཐོག་མར་འཛད་སྤྱོད་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཁེ།   |     སྤེལ་དུས།  2026-02-09

    ལོ་གསར་པར། འཛད་སྤྱོད་ཁྲོམ་རར་ཚ་རླབས་འཕྱུར་ཞིང་རྒྱལ་ཁབ་ཀྱི་ཁ་གསབ་གསར་པས་མི་རྣམས་ཀྱིས་ཅ་དངོས་ཉོ་རྒྱུའི་ཡིད་དབང་བཀུག་ཡོད། 2026ལོར་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་ལེན་བསྟར་བ་དང་བསྟུན་ནས་ས་གནས་མང་པོ་ཞིག་གི་ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་འཚོང་སར་མི་ཚོགས་ཀྱིས་ཁེངས་ཤིང་། ནུས་གྲོན་ཁྱིམ་སྤྱོད་གློག་ཆས་དང་། རིག་ནུས་ཁྱིམ་སྤྱོད་གློག་ཆས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་རིམ་སྤོར་རིགས་ཀྱི་ཐོན་རྫས་དེ་དག་ཧ་ཅང་བྲིན་ཁ་རྒྱུག་པའི་ཚོང་ཟོག་ཏུ་གྱུར་ཡོད། ཟླ་1ཚེས་1དང་2ཉིན། ཧོ་པེ་ཞིང་ཆེན་གྱི་ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན། རིག་ནུས་ཐོན་རྫས་བཅས་བསྡོམས་ཁྲི་13.36ཕྱིར་ཚོང་བྱས་པ་དང་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་5.9ཟིན་ཡོད། གནམ་ལོ་གསར་ཚེས་ཀྱི་ངལ་གསོའི་རིང་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་འཛད་རྫས(རླངས་འཁོར་ཚུད་མེད)རྙིང་པ་གསར་པར་བརྗེས་ནས་སྒོར་ཁྲི་1600ཙམ་ཞིབ་དཔྱད་ཕྱིར་འཚོང་བྱས་ཏེ་འཛད་སྤྱོད་སྒོར་དུང་ཕྱུར་1.25ཡོང་བར་སྐུལ་ཁྲིད་བྱས་ཡོད། སྲིད་ཇུས་ཀྱི་ཁེ་སྤོགས་དང་འཛད་སྤྱོད་ཀྱི་དགོས་མཁོ་སྦྲེལ་མཐུད་བྱས་ནས་ལོ་གསར་པར་ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྲིན་འཚོང་བྱེད་ཐབས་གསར་པ་ཞིག་ལག་བསྟར་བྱེད་འགོ་ཚུགས་པ་རེད།

    གྲངས་གཞི་ལས་འཛད་སྤྱོད་ཀྱི་གསོན་ཤུགས་མངོན་ཞིང་། ཚོང་དོན་པུའུ་ཡི་གྲངས་གཞི་ལས་མངོན་པར། 2026ལོར་ཚོང་དོན་པུའུ་ཡིས་ས་ཁུལ་ཁག་དང་སྡེ་ཚན་ཁག་དང་མཉམ་དུ་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་དེ་བཞིན་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོས་ཚེ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་ནས། དྲ་ཕྱིར་དངོས་གཞིའི་སིལ་འཚོང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ལྗང་མདོག་རིག་ནུས་ཐོན་རྫས་ཁྱབ་གདལ་ཤུགས་ཆེན་བཏང་བས་སྲིད་ཇུས་ཀྱི་ཕན་འབྲས་རིམ་གྱིས་མངོན་གསལ་དོད་དུ་སོང་ཡོད། ཟླ་བ་དང་པོར་ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་རིགས་6དང་གྲངས་འཛིན་དང་རིག་ནུས་ཐོན་རྫས་རིགས་4འཚོང་ཚད་ཁྲི་1500ལྷག་ཙམ་ཟིན་པ་དང་བཙོངས་འབོར་སྒོར་དུང་ཕྱུར་590ཙམ་ཟིན་ཡོད་པ་རེད།

    འཛད་རྫས་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་ལེན་བསྟར་བ་ལས་འཛད་སྤྱོད་ཀྱི་ཁྲོམ་རའི་གསོན་ཤུགས་འཕེལ་བ་མ་ཟད། དྲ་ཕྱིའི་དངོས་གཞིའི་སིལ་འཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་ཡང་ཐུབ་ཡོད། དྲ་ཕྱིའི་འཛད་སྤྱོད་སླར་གསོ་བྱུང་བ་དེས་སྣ་མང་འཛད་སྤྱོད་མཐུན་སྦྱོར་ངང་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ཚོང་དོན་པུའུ་ཡི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོར་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་དྲ་ཕྱིའི་བྲིན་འཚོང་བྱེད་ཚད་བཅུ་ཆ་བརྒྱད་ཙམ་ཟིན་ནས་དུས་མཚུངས་ལས་20%ཙམ་འཕར་ཡོད། དྲ་ཕྱིའི་ཚོང་ཁང་ཁག་གཅིག་གི་ལས་རྗེས་འཕར་བ་དང་འགྲུལ་རྒྱུན་མང་དུ་སོང་བ་དང་སྦྲགས། སྤྲོ་གསེང་རོལ་རྩེད་དང་། འགྲིམ་འགྲུལ་ཕྱིར་སྐྱོད། ཁྱད་ལྡན་བཟའ་བཏུང་སོགས་ཁྱབ་ཁོངས་སྒྲོལ་བའི་འཛད་སྤྱོད་ལ་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེན་པོ་ཐོན་ནས་རྙིང་པ་གསར་པར་བརྗེ་བའི་ཁྲིད་སྟོན་དང་སྣ་མང་འཛད་སྤྱོད་ཀྱི་འབབ་འཕར་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

    རྙིང་པ་གསར་པར་བརྗེ་བ་ཞེས་པའི“གསར་པ”ནི་གསར་རྙིང་བརྗེ་རེས་ཀྱི“གསར་པ”ཡིན་ལ། གསར་གཏོད་འཕེལ་རྒྱས་ཀྱི“གསར་པ”ཞིག་དེ་བས་ཀྱང་ཡིན།

    2026ལོར་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་སླར་ཡང་ལེགས་སུ་བཏང་ཞིང་། “རྒྱུན་མཐུད་བྱེད་རིང་གསར་གཏོད་དང་། སྤྱི་འདོམས་བྱེད་རིང་གསོན་ཤུགས་འཕེལ་བར”བྱས་ཡོད། ཕྱོགས་གཅིག་ནས་སྲིད་ཇུས་བརྟན་པོ་བཏོན་ཏེ་རླངས་འཁོར་མཁོ་མེད་གསར་བརྗེ་དང་ཁྱིམ་སྤྱོད་གློག་ཆས་གཙོ་བོ་རིགས་དྲུག་གསར་པ་བརྗེ་བ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁ་གསབ་ཚད་གཞི་ལག་བསྟར་བྱས་ཏེ། སྲིད་ཇུས་ཀྱི་སྔོན་དཔག་བརྟན་པོར་བརྟེན་ནས་གཉེར་སྐྱོང་བྱེད་པོ་བློ་བདེ་པོ་ཡོང་བར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཛད་སྤྱོད་དང་ཐོན་ལས་ཀྱི་འཕེལ་ཕྱོགས་གསར་པར་དམ་པོར་དམིགས་ནས། ཁ་གསབ་ཁྱབ་ཁོངས་དེ་རིག་ནུས་མིག་ཤེལ་སོགས་རབས་གསར་པའི་རིག་ནུས་མཐའ་སྣེར་རྒྱ་སྐྱེད་བཏང་ཡོད། དེ་དང་ཆབས་ཅིག་ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་དེ་རིམ་པ་དང་པོའི་ནུས་འབྲས(ཆུ་ནུས)ཐོན་རྫས་ལ་སྔར་བས་དམིགས་པ་དང་། རླངས་འཁོར་གྱི་ཁ་གསབ་དེ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རིགས་ལ་ཕྱོགས་ཏེ། སྲིད་ཇུས་ཀྱི་ཁེ་སྤོགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནད་སྨིན་རམ་འདེགས་བྱས་པ་རེད།

    ཚོང་དོན་པུའུ་ཡི་གྲངས་གཞི་ལས་མངོན་པར། ད་ལོ་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་ཚད་གཞི་དེ་རིམ་པ་དང་པོའི་ནུས་འབྲས(ཆུ་ནུས)བར་མཐོ་རུ་བཏང་བས་ནུས་ཆེའི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་ཀྱི་ཕྱིར་ཚོང་བསྡོམས་འབོར་མགྱོགས་མྱུར་འཕར་ཡོད། ཕྱོགས་གསུམ་པའི་སྒྲིག་གཞིའི་གྲངས་གཞི་ལས་མངོན་པར། རིམ་པ་དང་པོའི་ནུས་འབྲས་ཀྱི་ཆུ་ཚ་པོ་བཟོ་ཆས་དང་བརྙན་འཕྲིན་གྱི་དྲ་ཐོག་ཕྱིར་ཚོང་བསྡོམས་འབོར་དུས་མཚུངས་ལས་35.7%དང་28.9%སོ་སོར་འཕར་ཡོད། ལག་ཐོགས་ཁ་པར་འབྲིང་གྲས་དང་ལེགས་གྲས་ཀྱི་རིགས་ཕྱིར་ཚོང་བྱེད་ཚད་70%ལས་བརྒལ་བ་དང་། ད་ལོ་རིག་ནུས་མིག་ཤེལ་དེ་ཉིད་ཁ་གསབ་ཁྱབ་ཁོངས་ནང་ཐོག་མར་བཅུག་པར་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་719.7ཟིན་ཡོད་པ་རེད།

    རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལེགས་སུ་ཕྱིན་ནས་མང་ཚོགས་ཀྱི་སྤུས་ཚད་འཛད་སྤྱོད་ཀྱི་དགོས་མཁོ་གནད་སྨིན་བསྐངས་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱང་ཁོང་དུ་གཏིང་ཟབ་ཆུད་དེ་དུས་མཚམས་རང་བཞིན་གྱི་སྲིད་ཇུས་ཀྱི་འདེགས་སྐུལ་ནས་ཕུགས་ཕན་ལམ་ལུགས་ཀྱི་འདེགས་སྐྱོར་བར་རིམ་སྤོར་བྱུང་ཡོད། ཚོང་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་བའི་ཁ་གསབ་སྲིད་ཇུས་མུ་མཐུད་སྒྲིག་འཛུགས་ལག་བསྟར་ཡག་པོ་བྱས་ཏེ། ས་གནས་ཁག་ལ་དྲ་ཕྱིའི་དངོས་ཚན་སིལ་ཚོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་དང་། ཐོན་རྫས་གསར་པ་དང་། འགྲན་ལམ་གསར་པ། ཐོན་སྐྱེད་ནུས་ཤུགས་གསར་མ་བཅས་ཧུར་ཐག་བཏོན་ནས། འཛད་རྫས་རྙིང་པ་གསར་པར་བརྗེ་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།