དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་སྒྲོམ་གཞི་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ།

    ཤང་ཀང་གིས་ལོ་ལྔའི་འཆར་འགོད་དང་པོ་བཟོ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-09

    ཚེས་4ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས། ད་ལོ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཚུགས་ལོ་ཡིན་པས། ངས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་ཇུས་ཅུས་དང་སྡེ་ཚན་མི་འདྲ་བའི་སྣེ་ཁྲིད་དེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་སྒྲོམ་གཞི་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས། ཤང་ཀང་གི་ལོ་ལྔའི་འཆར་འགོད་དང་པོ་དེ་བཟོ་གི་ཡིན་ཞེས་བརྗོད།

    ཉིན་དེར་ལི་ཅ་ཁྲའོ་ཡིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་གི་2026ལོའི་དཔྱིད་གསར་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཞུགས་ནས་ཤིས་ཚིག་སྒྲོན་སྐབས། 2025ལོར་ཤང་ཀང་གི་དཔལ་འབྱོར་འཕར་ཚད་3.5%ཟིན་པ་དང་། དངོས་ཟོག་ཕྱིར་གཏོང་དང་ནང་འདྲེན་བསྡོམས་འབོར་12%སོ་སོར་འཕར་ཡོད། ལོ་དེའི་ནང་ཤང་ཀང་མུ་མཐུད་གོ་ལ་ཧྲིལ་པོའི་རང་མོས་ཆེ་ཤོས་ཀྱི་དཔལ་འབྱོར་སྒྲིག་གཞི་ཡིན་པ་དང་། འཛམ་གླིང་ཁྲོད་འགྲན་རྩོད་ནུས་ཤུགས་གོ་ལ་ཧྲིལ་པོའི་ཨང་གསུམ་པར་སླེབས་པ། ཤེས་ལྡན་པའི་བང་རིམ་དང་གྲངས་འཛིན་ཐད་ཀྱི་འགྲན་རྩོད་ནུས་ཤུགས་གོ་ལ་ཧྲིལ་པོའི་ཨང་བཞི་པ་བར་འཕར་བ། ནང་ས་དང་ཕྱི་རྒྱལ་གྱི་ཁེ་ལས་ཤང་ཀང་དུ་བཅའ་སྡོད་བྱེད་གྲངས་ཁྲི་1.1ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་བརྗོད།

    ལི་ཅ་ཁྲའོ་ཡིས། གྲུབ་འབྲས་དེ་དག་རྒྱལ་ཁབ་ཀྱི་སྲ་ཞིང་བརྟན་པའི་རྒྱབ་སྐྱོར་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འབད་འཐབ་ལྷོད་མེད། ཤང་ཀང་གི་གྲོང་མིའི་མཐུན་སྒྲིལ་འབད་འཐབ་བཅས་དང་ཁ་འབྲལ་ཐབས་མེད་ཅིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”འོག་གི་ཤང་ཀང་གི་ཕྱི་འབྲེལ་ནང་མཐུད་ཀྱི་དགེ་མཚན་གང་ལེགས་མངོན་ཡོད། ལོ་གསར་པར་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་དང་ལྷན་དུ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། རྒྱལ་སྤྱིའི་འགྲོ་འོང་མཉམ་ལས་ཟབ་ཏུ་བཏང་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་བརྗིད་ཆེའི་ལེའུ་ཧུར་ཐག་རྩོམ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།