དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་ཚུལ་བཟང་པོས་གངས་ལྗོངས་བརྩེ་བས་ཁེངས། དམངས་ཆེད་ཞུ་བཅར་ལས་དོན་ལེགས་པར་བསྒྲུབས།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་གཉིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-09

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡི་མཚམས་ཚིགས་ནས་ཕྱི་མིག་ཅིག་བལྟས་ན། བོད་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད།

    2021ལོའི་ཟླ་12ཚེས་29ཉིན། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་བཀོད་སྒྲིག་དང་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུའི་ཐོག་ནང་དོན་གཙོ་བོ་ཁ་གསལ་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁེ་ཕན་དང་བདེ་རྩ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་བཅས་དང་འབྲེལ་བ་ཡོད།

    དེ་ནས་བཟུང་། སྤྱོད་ཚུལ་ལེགས་གཏོང་ཚད་བརྒལ་སར་བྱས་པའི་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བའི་ལག་ལེན་བརྟན་པོ་ཞིག་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་རེད། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་ཤེས་རྟོགས་དང་མང་ཚོགས་ཀྱི་བདེ་སྡུག་ལ་ཉམས་ཞིབ་བྱེད་པའི“ཆར་བརྟག་ཡོ་བྱད”གལ་ཆེན་ཞིག་ཡིན་པའི་ངོས་ནས་ཡིག་འབུལ་ཞུ་བཅར་ལས་དོན་དེ་ཆེས་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད།

    “མང་ཚོགས་ཡོང་བར་སྒུག་པ”ནས“མང་ཚོགས་ཀྱི་ཁྱིམ་དུ་འགྲོ་བའི”བར།

    བར་ཐག་ཉེ་རུ་སོང་བས་སེམས་པ་དྲོ་སོབ་སོབ་ཆགས་པ།

    ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ལས་ཀའི་གཙོ་གནད་གཤམ་དུ་ཕྱོགས་པ་དང་འགག་སྒོ་མདུན་དུ་སྤོ་བར་སྐུལ་འདེད་བཏང་ཡོད། ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལས་ཁུངས་ཀྱི་ལས་ཡུལ་ཞིང་ནང་མུ་ཁ་དང་། འབྲོག་ཁུལ་གྱི་སྦྲ་གུར། རྣམ་གྲངས་ལས་ཡུལ་བཅས་སུ་ཡིག་འབུལ་ཞུ་བཅར་དང་ལེན་བྱེད་པར་སྤོས་ཏེ“མང་ཚོགས་ཡིག་འབུལ་ཞུ་བཅར་ལ་ཡོང་བ”དེ“ལས་བྱེད་པས་གཤམ་དུ་བསྐྱོད་ནས་ཡིག་འབུལ་ཞུ་བཅར་དང་ལེན་བྱེད་པར”བསྒྱུར་ཞིང་། ལོ་ལྔའི་རིང་། རིམ་རྩིས་བརྒྱབ་ན་གཤམ་དུ་བསྐྱོད་དེ་ཡིག་འབུལ་ཞུ་བཅར་དང་ལེན་བྱེད་ཐེངས་4026ལྷག་ཙམ་ཟིན་ཡོད། གཟའ་ཁོར་རེའི་བཀོད་གཏོང་དང་། གཟའ་ཁོར་རེའི་བརྡ་ཁྱབ། གཟའ་ཁོར་རེའི་སྙན་སེང་བཅས་ཀྱི་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ཁྱབ་ཁོངས་ཀྱི་འགལ་ཟླ་དང་རྩོད་གཞི་ཁག་4250གྲལ་བཤེར་གཏིང་ཟབ་དང་ཐག་གཅོད་བྱས་ཏེ། འགལ་ཟླའི་མངོན་མེད་རྐྱེན་ངན་དེ་ཡིག་འབུལ་ཞུ་བཅར་མ་ཐོན་གོང་ནས་བསལ་བ་རེད།

    དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས“གཞན་སྐུལ་ཁ་གཏད་གཅོག་པ”ནས“རང་འགུལ་སྔོན་འགོག་བྱེད་པའི”ཕྱོགས་སུ་བསྒྱུར་ཏེ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་འགན་འཁུར་ཚན་པ་དང་མཉམ་དུ་ཆེད་དོན་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཇུས་ཤུགས་མཉམ་འདོན་གྱིས་གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་དང་གནད་འགག་གི་འབྱུང་རྩ་གཏིང་ཟབ་སྔོག་པ་བཅས་བྱས་ནས། ཉམས་མྱོང་དེ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དུ་སྒྱུར་པ་མ་ཟད། དམིགས་སའི་རང་བཞིན་ཆེ་བ་དང་བཀོལ་སྤྱོད་ཆོག་པའི་ཡིག་འབུལ་ཞུ་བཅར་ཐག་གཅོད་ཀྱི་བྱེད་ཐབས་དང་གྲོས་འགོའང་བཏོན་པ་རེད།

    རྒྱུན་སྲོལ་ལྟར་ལས་དོན་སྒྲུབ་པ་ནས“བློ་གྲོས་ཀྱིས་ཁྲིད་སྟོན”བྱེད་པའི་བར།

    བརྒྱུད་རིམ་ལེགས་སུ་སོང་ནས་སྤྱི་མོས་ཐོབ་ཚད་མཐོ་རུ་ཕྱིན་པ།

    སྤྱོད་ཚུལ་ལེགས་སུ་གཏོང་བ་དེ“གཤམ་དུ་སྐྱོད་པའི”རྣམ་པ་ཙམ་མིན་པར། “ཐག་གཅོད་དངོས”བྱེད་པའི་བར་དེ་བས་མངོན་ཡོད།

    ཡུན་རིང་བསགས་པའི་གནད་དོན་ངན་རེངས་དང་ལྷག་པར་དུ“འགྱངས་ཆད་གཉིས”ལྟ་བུའི་མང་ཚོགས་ཀྱི“ཡོང་འབབ”དང“ལྟོ་གོས” དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་བོད་ཀྱི་ཡིག་འབུལ་ཞུ་བཅར་ཁོངས་གཏོགས་ཀྱིས་སྔར་བྱུང་མྱོང་མེད་པའི་ཆོད་སེམས་དང་མཉམ་ཤུགས་མངོན་པར་བྱས་ཡོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིར་ཁྱབ་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། ཆེད་དོན་ཚོགས་ཆེན་འཚོགས་ནས་འགག་སྒྲོལ་དཀའ་སེལ་གྱི་སྟོབས་ཤུགས་བཙན་པོ་ཞིག་ཆགས་པར་བྱས་ཡོད། 2025ལོ་ཁོ་ནར“འགྱངས་ཆད་གཉིས”ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་802ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་9.75གཙང་འཇལ་བྱས་ཡོད།

    ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས“ཁོངས་གཏོགས་དོ་དམ་དང་རིམ་དབྱེ་འགན་འཁུར”གྱི་རྩ་དོན་གཞིར་བཟུང་། ལྗོངས་ཐད་གཏོགས་སྡེ་ཚན་32ལ་ཁྲིམས་ལྟར་རིགས་དབྱེ་ནས་ཡིག་འབུལ་ཞུ་བཅར་གྱི་རེ་ཞུའི་གསལ་ཐོ་དང་། “ཁྲིད་སྟོན་རི་མོ” དེ་བཞིན་གསལ་བཤད་ཡི་གེ་བཅས་བཟོ་བར་མཛུབ་ཁྲིད་བྱས་ཏེ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་ལྟར་འདྲེན་འཇུག་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཡོད། ཡིག་འབུལ་ཞུ་བཅར་གནད་དོན་ལ་ཡང་ཞིབ་བསྐྱར་ཞིབ་བྱེད་ཐབས་བཏོན་པ་དང་ཡང་ཞིབ་བསྐྱར་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས་སྲིད་འཛིན་གྱི་རིམ་གསུམ་སྒྲུབ་གཉེར་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད།

    སྔོན་ཆད་ས་ཆ་མང་པོར་བསྐྱོད་ནས་སྒྲུབ་དགོས་པའི་དོན་དག་ད་ཆ་ལག་ཐོགས་ཁ་པར་ནས་ཤོད་པ་དང་། འདྲི་རྩད། གདེང་འཇོག་བཅས་བྱེད་ཐུབ་པས་མང་ཚོགས་ཀྱི་རེ་ཞུ་གོང་ཞུའི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་མ་ཟད། གནད་དོན་ཐག་གཅོད་བྱེད་པའི་ལས་ཆོད་ཀྱང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    “སྡེ་ཚན་གཅིག་པུས་སྒྲུབ་པ”ནས“སྣ་མང་མཉམ་བཅོས”བར།

    སྟོབས་ཤུགས་གཅིག་སྡུད་བྱས་པས་རྨང་གཞི་བརྟན་དུ་ཕྱིན་པ།

    ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཐར་ཐུག་དམིགས་ཡུལ་ནི“དོན་དག་དང་སེམས་ནད་གཉིས་ཀ་སེལ་རྒྱུ”དེ་ཡིན་པས། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། དེ་བས་མང་ཚོགས་ཀྱི་སེམས་ཁྲལ་སེལ་དགོས།

    དེའི་ཕྱིར། རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱིས“འདུམ་གསུམ་མཉམ་འགུལ”(མི་དམངས་ཀྱི་འདུམ་འགྲིག་དང་། སྲིད་འཛིན་གྱི་འདུམ་འགྲིག ཁྲིམས་འཛིན་གྱི་འདུམ་འགྲིག་བཅས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་རྩོད་པ་དང་། སེམས་ཁམས་བློ་འདྲི་བ། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཡིག་འབུལ་ཞུ་བཅར་གྱི་འགལ་ཟླ་འདུམ་འགྲིག་ནང་བཅུག་ནས་ཆེད་ལས་མི་སྣས་ཆེད་ལས་ཀྱི་བྱ་བ་སྒྲུབ་དུ་བཅུག་སྟེ་བརྩེ་བ་ཟབ་མོར་བརྟེན་ནས་གནད་དོན་ངན་རེངས་ཐག་གཅོད་ཐུབ་པར་བྱས་ཡོད།

    འགན་འཁྲིའི་ལམ་སྲོལ་དོན་འཁྱོལ་བྱས་ནས་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཤིང་། “དགོས་པ་བཞི་དང་མི་དགོས་པ་བཞིའི”གནད་དོན་ལ་དམིགས་ནས“གྲོས་འགོ་གསུམ”གྱི་འགན་འཁྲི་ཐེངས་124ལག་བསྟར་བྱས་པ་དང་། ལས་སྒོ་ཚད་ལྡན་ཅན་གྱི་དཔྱད་ཞིབ་ཐེངས་89བྱས་པ། ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་8817གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་པར་ལྟ་སྐུལ་བྱས་ཏེ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་ཡོད།

    2025ལོར་བོད་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་སྟེ། ལྗོངས་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་བསྡོམས་འབོར་དང་བསྐྱར་ཟློས་ཡིག་འབུལ་ཞུ་བཅར་བྱེད་ཚད་རྒྱུན་མཐུད་ཆག་པ་དང་། ཐེངས་གཅིག་ལ་ཐག་གཅོད་ཐུབ་ཚད་95.99%བར་འཕར་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “ཆག་པ་གསུམ་དང་མཐོ་རུ་གཅིག”གི་གྲངས་གཞི་དེ་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཕན་འབྲས་མཚོན་ཚུལ་གྱི་གཞན་ངོས་མཆན་འགྲེལ་ཞིག་རེད།

    2021ལོའི་དགུན་ཁར་སྐུལ་སློང་བྱས་པ་ནས་2025ལོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་བར་བོད་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྤྱོད་ཚུལ་ལ་འགྱུར་ལྡོག་བྱུང་ནས་བཅོས་སྐྱོང་དེང་རབས་ཅན་དང་དམངས་འཚོའི་བདེ་རྩ་ཆེ་རུ་འགྲོ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།