ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།
ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་བློ་མཐུན་རྒན་གྲས་ལ་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

ཟླ་2ཚེས་6ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ཀྲུང་གོ་ཟློས་གར་ཁང་དུ་བྱས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ་དང་། དེ་གར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་འཁྲབ་སྟོན་ཀྲུང་གོ་ཟློས་གར་ཁང་དུ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ལ་གཟིགས་པ་དང་། དེ་གར་བཞུགས་པའི་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། རྒྱལ་ས་པེ་ཅིང་དུ་ལོ་གསར་གྱི་རྣམ་པ་ཟབ་ཅིང་བཀྲ་ཤིས་འཆམ་མཐུན་ལྡན་པ་དང་། ཀྲུང་གོ་ཟློས་གར་ཁང་དུ་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཤིང་། ཀྲུང་གོ་གསར་པ་འཛུཌ་པ་དང་། སྲུང་སྐྱོང་། འཛུཌ་སྐྲུན་བཅས་དང་རྒྱལ་སྲུང་དང་དམག་དཔུང་འཛུཌ་སྐྱོང་ཆེད་ལེཌ་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལྷན་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་རེད།
ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ། ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཚོའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་བསྒྲགས་པ་རེད། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་དང་ཕན་ཚུན་འཚམས་འདྲི་ཞུས་པ་དང་། ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འདས་ཟིན་པའི་ལོ་གཅིག་ནང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ཐད་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཐུན་མོང་ཐོག་ཕྱིར་དྲན་ཡང་གནང་བ་རེད། བློ་མཐུན་རྒན་གྲས་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”རྒྱུན་འཁྱོངས་མཐའ་གཅིག་ཏུ་ཐུབ་པར་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་བ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། དད་སེམས་བརྟན་དུ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བཅས་བྱས་ཏེ། དམག་བཙུགས་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
“དར་ཆའི་ཁྲིད་སྟོན་འོག་མཐུན་སྒྲིལ་འབད་འཐབ་ཀྱིས་མདུན་སྐྱོད་བྱེད། ངར་ལྕགས་བཙོ་སྦྱངས་ཇི་ཙམ་བྱས་ན་དེ་ཙམ་གྱིས་མཁྲེགས་སུ་འགྲོ”ཞེས་མཉམ་གཞས《ཇི་སྲིད་བར་གྱི་གཟི་བརྗིད》ཀྱི་འགྱུར་ཁུག་སྙན་མོའི་ཁྲོད་འཁྲབ་སྟོན་འགོ་ཚུགས་པ་རེད། འཁྲབ་སྟོན་གྱི་བརྒྱུད་རིམ་ཧྲིལ་པོ་སྦྱོང་སྒྲིག་ལ་བརྟེན་ནས་དར་སྲོལ་གསར་པ་གཏོད་པ་དང་འགག་སྒྲོལ་གདོང་མཆོང་གིས་ལོ་བརྒྱར་ཕྱོགས་པའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་ཅིང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཉམས་འགྱུར་གསར་པ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་གསར་པ། དམག་གྲབས་དམག་རྒྱག་གི་ཕན་འབྲས་གསར་པ་བཅས་མངོན་གསལ་དོད་པོས་མཚོན་པར་བྱས་ནས། དམག་ཡོངས་ཀྱི་དཔོན་དམག་ཚོས་བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་སྲུང་སྐྱོང་དང་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པའི་ཐུན་མོང་གི་བསམ་འདུན་མཚོན་པར་བྱས་ཡོད། རོལ་ཆ་དང་མཉམ་གཞས《སྟོབས་ཤུགས་ཇི་ཙམ་ཆེ་ན་ངར་ཤུགས་དེ་ཙམ་གྱིས་འཕེལ》དང་འཁྲབ་སྟོན《དུས་དང་རྣམ་པ་ཀུན་དུ་དམག་རྒྱག་གི་གྲ་སྒྲིག་བྱེད》ཅེས་པའི་ནང་དཔུང་སྡེའི་དམག་སྦྱོང་དང་དམག་གྲབས་ཀྱི་ལག་ལེན་དངོས་ལ་གཞིགས་ནས་དཔོན་དམག་ཚོས་དམག་རྒྱག་གི་གྲ་སྒྲིག་ཨང་གསར་དང་རྒྱལ་ཁ་ལེན་ཐུབ་པའི་འགན་འཁྲི་འཁུར་སེམས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། གནས་ཚུལ་དངོས་མཚོན་གླུ་གཞས《བདུན་ཚིག རྒྱང་སྐྱོད》ཅེས་པའི་ནང་། དམར་དམག་གི་དཔོན་དམག་ཚོས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་དགྲ་བོ་སྟོབས་ཆེན་མཐའ་དག་ཆམ་ལ་ཕམ་པའི་དཔའ་བོའི་སྙིང་སྟོབས་ལ་སྤྲོ་སེམས་འཁོལ་པོས་བསྟོད་གླུ་ཕུལ་བ་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་པའི་བརྗིད་ཆེའི་བློ་སྟོབས་འཕེལ་བར་བྱས་ཡོད། 《བཀའ་རྒྱ་དང་དུ་ལེན། སེམས་པ་ཏང་ལ་ཕྱོགས》དང་། 《ཧྲི་དཔོན་ལ་ཉལ་ཆས་ལྗང་ཁུ་ཞིག་ཡོད》 《འཐབ་གྲོགས་ཀྱི་གླུ་གཞས》སོགས་གཞས་རྙིང་པ་སྦྲེལ་ནས་བཏང་སྟེ་རང་རེའི་ཏང་དང་རང་དམག་གི་སྲོལ་རྒྱུན་བཟང་པོར་བསྟོད་གླུ་ཕུལ་བ་དང་། གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱས་པ་མཚོན་ཡོད། མི་རིགས་ཀྱི་གླུ་གར《སེམས་མཐུན་རོལ་དབྱངས་མཉམ་དུ་དཀྲོལ》ཞེས་པས་མཐའ་སྲུང་དཔོན་དམག་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་ཤུགས་ཆེན་པོས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པར་བསྟོད་གླུ་ཕུལ་བ་དང་། ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་ཡོད། ཟློས་གར་ཐུང་གྲས《སྐར་དམར་གྱི་འབོད་སྐུལ》ཞེས་པ་དེས་གཞོན་ནུའི་དཔོན་དམག་དང་དམར་དམག་འཐབ་འཛིང་པའི་དབར་གྱི་ཡུལ་དུས་བརྒལ་བའི་གླེང་མོལ་ལ་བརྟེན་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དྭངས་གཙང་དང་གཟི་བརྗིད་ལྡན་པའི་ཁྲག་རྒྱུན་རྒྱུན་འཛིན་ཟབ་མོ་བྱས་པ་མཚོན་ཡོད། འཁྲབ་གཞས《དྲོ་སྐྱིད》ཞེས་པས་སྤྱི་ཁྱབ་བཀོད་འདོམས་པའི་སེམས་པ་གཞི་རིམ་ལ་ཕྱོགས་པ་དང་དཔོན་དམག་ལ་སེམས་ཁུར་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་ལ། དེ་ཐོག་ནས་དམག་དཔུང་ཡོངས་ཀྱི་དཔོན་དམག་གིས་བློ་བརྟན་འགྱུར་མེད་ངང་མིག་ལྟོས་རྗེས་འབྲང་དང་འབད་འཐབ་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་སྲ་ཞིང་བརྟན་པའི་དད་སེམས་མཚོན་ཡོད། མཉམ་གཞས《ཏང་དར་འོག་ཏུ་མདུན་སྐྱོད་བྱེད》ཅེས་པ་ལས་མི་དམངས་དམག་དཔུང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་པ་དང་། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་བྱས་པའི་ཆོད་སེམས་དང་བློ་སྟོབས་གསལ་པོར་མཚོན་ཡོད། འཁྲབ་སྟོན་ཧྲིལ་པོར་སྲོལ་གསར་གྱི་ཉམས་ལྡན་པ་དང་ངར་ཤུགས་འཕེལ་བ་ཞིག་ཡོད་ཅིང་། དེ་ཐོག་ནས་དམག་དཔུང་གི་རིག་རྩལ་རུ་ཁག་གིས་དམག་དཔུང་སྟོབས་ཆེན་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། དཔོན་དམག་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་མངོན་ཡོད།
ཀྲང་ཧྲེང་མིན་ལྷན་དུ་འཁྲབ་སྟོན་ལ་གཟིགས་པར་ཕེབས་ཡོད་པ་རེད།
འཁྲབ་སྟོན་ལ་ལྟ་མཁན་ནང་ད་དུང་དམག་དོན་ཨུ་ལྷན་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགོ་ཁྲིད། དཔུང་སྡེའི་དཔོན་དམག་གི་འཐུས་མི་བཅས་ཡོད།
འབྲེལ་ཡོད་གསར་འགྱུར།