དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ནང་འདྲེན་ཁྲོམ་ར་ཆེ་གྲས་ཨང་གཉིས་པར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-08

    ཚེས་5ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར། ཀྲུང་གོའི་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་18.5ཟིན་ནས་ལོ་17བསྟུད་མར་གོ་ལ་ཧྲིལ་པོའི་ནང་འདྲེན་ཁྲོམ་ར་ཆེ་གྲས་ཨང་གཉིས་པར་གྱུར་ཡོད། ཀྲུང་གོས་རྒྱལ་ཁབ་དང་ས་ཁུལ་130ལྷག་ཙམ་ནས་ནང་འདྲེན་བྱེད་ཚད་མང་དུ་ཕྱིན་ཏེ་རྒྱལ་ཁབ་80ཙམ་གྱི་ཕྱིར་གཏོང་དམིགས་ས་གཙོ་བོར་གྱུར་ཡོད་པ་རེད།

    ཟླ་2ཚེས་4ཉིན། “ཁྲོམ་ར་ཆེན་པོ་མཉམ་དུ་སྤྱོད·ཀྲུང་གོར་ཕྱིར་གཏོང་བྱེད་པའི”བྱེད་སྒོ་ཐོག་མ་པེ་ཅིང་དུ་སྤེལ་བ་དང་། ཚོང་དོན་པུས“ཀྲུང་གོར་ཕྱིར་གཏོང་བྱེད་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནི་ཀྲུང་གོ་ཕྱོགས་ཀྱིས་རང་བདག་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རང་འགུལ་གྱི་བྱ་སྤྱོད་ཅིག་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།