དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་དར་ཆ་འཛིན་མཁན་ཉིང་ཀྲུང་ཡན་དང་ཀྲང་ཁྲུའུ་ཐུང་གིས་བརྗོད་དོན།

    མེས་རྒྱལ་ལ་གཟི་བརྗིད་དེ་བས་མང་བ་བརྩོན་ལེན་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-08

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་ཧྲོའུ་དབྱང་། ལིའུ་ཡའོ།

    མི་དམངས་དྲ་བའི་གསར་འགོད་པ། དབྱང་ལེ།

    2026ལོའི་སྨི་ལན་—ཁོར་ཏི་ནའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཉེར་ཡོད་ཅིང་། ཉིན་ཤས་གོང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་མྱུར་འགྲན་འཁྱགས་ཤུད་ལུས་རྩལ་པ་ཉིང་ཀྲུང་ཡན་དང་རྒྱུག་ཐུང་མྱུར་ཤུད་ལུས་རྩལ་པ་ཀྲང་ཁྲུའུ་ཐུང་གིས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཛིན་མཁན་གྱི་འགན་འཁུར་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ལུས་རྩལ་པ་གཉིས་པོས། དར་ཆ་འཛིན་མཁན་གྱི་འགན་ཁུར་བ་དེ་ཐོག་ནས་གཟི་བརྗིད་དང་འགན་འཁྲི་ཧ་ཅང་ཆེན་པོ་མཚོན་གྱི་ཡོད། འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ལུས་རྩལ་པའི་གདེང་ཚོད་ལྡན་ལ་བློ་སྟོབས་ཆེ་བའི་གཟུགས་བརྙན་བཟང་པོ་མངོན་པ་དང་། འགྲན་རའི་ཐོག་འགྲན་ཕོད་པ་དང་རྩོད་ཕོད་པ་བྱས་ནས་མེས་རྒྱལ་ལ་གཟི་བརྗིད་དེ་བས་མང་བ་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    དེ་ནི་ལོ་22ལ་སླེབས་པའི་ཀྲང་ཁྲུའུ་ཐུང་གིས་འཛམ་གླིང་གི་འགྲན་བསྡུར་ཆེན་པོར་ཀྲུང་གོའི་འཐུས་མི་ཚོགས་པའི་དར་ཆ་འཛིན་མཁན་གྱི་འགན་འཁུར་ཐེངས་དང་པོ་རེད། ཀྲང་ཁྲུའུ་ཐུང་གིས། ལུས་རྩལ་འཚོ་བའི་ནང་དུས་སྐབས་འདི་འདྲ་ཞིག་ཐོབ་པ་ནི“ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན”ཞེས་བཤད། ལོ་4ཡི་གོང་གི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲང་ཁྲུའུ་ཐུང་ལ་རྒྱུག་ཐུང་མྱུར་ཤུད་ཀྱི་བུད་མེད་ཀྱི་སྨི་3000ཡི་རྒྱུག་མཐུད་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་པ་རེད། སླར་ཡང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་སྐབས་ཁོང་གི་དམིགས་ཚད་སྔར་བས་བརྟན་པོ་ཡོད་ཅིང་། ཀྲང་ཁྲུའུ་ཐུང་གིས“སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུག་ཐུང་མྱུར་ཤུད་རྣམ་གྲངས་ཁྲོད་དཔུང་ཁག་མི་ཉུང་བ་ཞིག་ཧ་ཅང་གྱོང་པོ་འདུག ང་ཚོས་སེམས་ཁམས་བརྟན་པོ་དང་གདེང་ཚོད་ཡོད་པ་བྱས་ན་གཞི་ནས་རྣམ་པར་རྒྱལ་ཐུབ”ཅེས་བཤད།

    ལོ་26ལ་སླེབས་པའི་ཉིང་ཀྲུང་ཡན་ཡང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་གཉིས་པ་ཡིན་ཞིང་། ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་དར་ཆ་འཛིན་མྱོང་ཡོད་པས། ཁོང་ལ་ཀྲང་ཁྲུའུ་ཐུང་ལས་དར་ཆ་འཛིན་པའི་ཉམས་མྱོང་མང་བ་ཡོད། “དེ་ནི་གཟི་བརྗིད་ཧ་ཅང་ཆེན་པོ་ལྡན་པའི་ལས་འགན་ཞིག་རེད། དར་ཆ་འཛིན་མཁན་ཡིན་པ་ཤེས་སྐབས་སེམས་འགུལ་ཚད་མེད་ཐེབས་བྱུང” ངས་འགྲན་རར་བློ་རྩེ་གཅིག་ཏུ་སྒྲིམ་གྱི་ཡིན་ཞེས་ཉིང་ཀྲུང་ཡན་གྱིས་བཤད། འགྲན་དུས་འདིའི་རྒྱལ་སྤྱིའི་འཁྱགས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱི་མྱུར་འགྲན་འཁྱགས་ཤུད་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་ཉིང་ཀྲུང་ཡན་འགྲན་བསྡུར་མང་པོའི་བྱ་དགའ་ལེན་སྟེགས་ཐོག་འཛེག་མྱོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།