ཀྲུང་ལོའི་ཆན་ཧྥུའུ་500ཡི་དྲ་སྦྲེལ་ལས་གྲྭའི་གློག་འདྲེན་སྐུད་ལམ་ཧྲིལ་པོ་སྦྲེལ་མཐུད་ཐུབ་པ།

ཀྲུང་ལོའི་ཆན་ཧྥུའུ་500ཡི་དྲ་སྦྲེལ་ལས་གྲྭའི་ཀྲུང་གོའི་དུམ་བུ་དང་ལོ་སི་དུམ་བུའི་གློག་སྐུད་ཡུན་ནན་ཞིང་ཆེན་གྱི་མོ་ཧན་དང་ལོ་སིའི་མོ་ཏིང་འབྲེལ་མཚམས་སུ་དངོས་ཁམས་སྦྲེལ་མཐུད་བྱས་པ་དེའི་ཐོག་ནས། ལས་གྲྭ་དེའི་རྒྱལ་ཁབ་ཕྱི་ནང་གི་སྐུད་ལམ་ཧྲིལ་པོ་སྦྲེལ་མཐུད་ཐུབ་པ་མཚོན་ཡོད། ལས་གྲྭ་དེའི་སྐུད་ལམ་ཧྲིལ་པོར་སྟོང་སྨི་177.5ཡོད་ལ། སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ཆན་ཝ་ཁྲི་150ཡི་ཕྱོགས་གཉིས་སུ་གློག་གཏོང་ཐུབ་པ་དང་ལོ་རེར་གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་30ཙམ་གཏོང་ཐུབ་རྒྱུ་ཡིན་པས། རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱུད་ཀྱི་ས་ཁོངས་ལ་གློག་ཤུགས་མཉམ་སྦྲེལ་མཉམ་མཐུད་དང་ནུས་རྒྱུ་གཙང་མ་གཏོང་འདྲེན་བྱེད་པའི་ནུས་ཆེའི་ལྗང་མདོག་བགྲོད་ལམ་ཞིག་མཁོ་འདོན་ཐུབ་རྒྱུ་རེད། འདི་ནི་ཨར་ལས་མི་སྣས་རྒྱལ་སྒྲོལ་གློག་སྐུད་སྦྲེལ་མཐུད་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།