དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧའེ་ནན་གླིང་ཕྲན་གྱི་གྲོང་མིས་རྒྱལ་འཛུལ་ཚོང་ཟོག་འཛད་སྤྱོད་བྱས་ན་སྒོ་ཁྲལ་འཇལ་མི་དགོས་པ།

    མི་རེའི་ལོ་རེའི་ཁྲལ་ཆག་གྲངས་བཅད་སྒོར་ཁྲི་1ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-08

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་གླིང་ཕྲན་གྱི་གྲོང་མིའི་ཐོབ་སྣང་ཟབ་ཏུ་ཏན་ཏིག་གཏོང་ཆེད། ཚེས་5ཉིན། ནོར་སྲིད་པུའུ་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས《ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་གྱི་གྲོང་མིས་འཛད་སྤྱོད་བྱེད་པའི་རྒྱལ་འཛུལ་ཚོང་ཟོག་ལ“སྒོ་ཁྲལ་མེད་པའི”སྲིད་ཇུས་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་དང་། ཁྱབ་བསྒྲགས་བྱས་པའི་ཉིན་དེ་ནས་བཟུང་ལག་ལེན་བསྟར་འགོ་ཚུགས་པ་རེད།

    སྲིད་ཇུས་ཀྱིས་གཏན་འབེབས་བྱས་དོན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་གྱི་གྲོང་མིས་གཏན་འཁེལ་བྱས་པའི་ཚོང་གཉེར་བྱ་ཡུལ་ནས་རྒྱལ་འཛུལ་ཚོང་ཟོག་ཉོས་ཚེ། ཁྲལ་ཆག་གྲངས་བཅད་དང་ཚོང་ཟོག་གི་གསལ་ཐོའི་ཁྱབ་ཁོངས་སུ་ནང་འདྲེན་སྒོ་ཁྲལ་དང་། ནང་འདྲེན་ལྷུ་ཚིགས་དང་དེ་བཞིན་རྒྱལ་ནང་ལྷུ་ཚིགས་ཀྱི་གནས་ཐང་འཕར་འཕྲལ་དང་འཛད་སྤྱོད་དཔྱ་ཁྲལ་མི་བསྡུ་བ། དེའི་ཁྲོད། གླིང་ཕྲན་གྱི་གྲོང་མི་ཞེས་པའི་ནང་ཧའེ་ནན་ཞིང་ཆེན་གྱི་ཐོབ་ཐང་ལག་ཁྱེར་ཡོད་པ་དང་། ཧའེ་ནན་ཞིང་ཆེན་གྱི་གནས་སྡོད་ལག་ཁྱེར་ཡོད་པ། ཡང་ན་ཧའེ་ནན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་གཱ་ཡོད་པ་བཅས་ཀྱི་ཀྲུང་གོའི་སྤྱི་དམངས་དང་། ཧའེ་ནན་ཞིང་ཆེན་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་མཁན་གྱི་གནས་སྡོད་ལག་ཁྱེར་ཡོད་པའི་ཕྱི་རྒྱལ་བ་བཅས་ཚུད་ཡོད། ཁྲལ་ཆག་གི་གྲངས་བཅད་མི་རེར་ལོ་རེར་སྒོ་ཁྲི་1ཡིན་པ་དང་ཉོ་སྒྲུབ་ཐེངས་གྲངས་ལ་ཚོད་འཛིན་མེད། གླིང་ཕྲན་གྱི་གྲོང་མིའི་རྒྱུན་གཏན་འཚོ་བའི་དགོས་མཁོར་དམིགས་ཏེ། ཁྲལ་ཆག་ཚོང་ཟོག་ཁོངས་སུ་གཙོ་བོར་བཟའ་བཅའ་དང་བཏུང་བྱ་ཁག་གཅིག་དང་། རྒྱུན་གཏན་གྱི་མཁོ་ཆས། ཁྱིམ་ཚང་གི་མཁོ་ཆས། མ་བུའི་མཁོ་ཆས་སོགས་ཚུད་ཡོད་པ་རེད།

    གཏན་འབེབས་གཞིར་བཟུང་། གླིང་ཕྲན་གྱི་གྲོང་མིས་ཉོས་པའི“སྒོ་ཁྲལ་མེད་པའི”རྒྱལ་འཛུལ་ཚོང་ཟོག་ནི་འཛད་སྤྱོད་མཁན་མི་སྒེར་གྱིས་སྤྱོད་པའི་ཚོང་ཟོག་ཡིན་པས། ཕྱིར་ཚོང་བྱེད་མི་ཆོག གཏན་འབེབས་ལས་འགལ་ཏེ“སྒོ་ཁྲལ་མེད་པའི”རྒྱལ་འཛུལ་ཚོང་ཟོག་ལོག་ཚོང་དང་། ཚབ་ཉོ། ལྐོག་ཚོང་བཅས་བྱེད་མཁན་མི་སྒེར་གྱིས་ལོ་གསུམ་ནང་ཚུན“སྒོ་ཁྲལ་མེད་པའི”རྒྱལ་འཛུལ་ཚོང་ཟོག་ཉོ་མི་ཆོག་པ་དང་། ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཅའ་ཁྲིམས་དང་གཏན་འབེབས་ལྟར་ཡིད་རྟོན་ཟིན་ཐོར་འགོད་རྒྱུ། མི་སྒེར་དང་ཚན་པས་ལྐོག་ཚོང་གི་བྱེད་སྤྱོད་སྤེལ་བའམ་ཡང་ན་ལྐོག་ཚོང་བྱེད་རོགས་བྱེད་པ་དང་། ཡང་ན་འགག་སྒོ་ལྟ་འདོམས་ཀྱི་གཏན་འབེབས་བྱ་སྤྱོད་ལས་འགལ་ཚེ། འགག་སྒོ་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་དང་ཉེས་གསོག་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད། “སྒོ་ཁྲལ་མེད་པའི”རྒྱལ་འཛུལ་ཚོང་ཟོག་གཉེར་སྐྱོང་བྱེད་པོས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ“སྒོ་ཁྲལ་མེད་པའི”རྒྱལ་འཛུལ་ཚོང་ཟོག་ཕྱིར་ཚོང་བྱས་ཚེ། ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་དང་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།