དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དྲ་ཐོག་གི་ཆ་འཕྲིན་རྫུན་མའི་དཔེ་མཚོན་གྱོད་དཔེ་ཁག་གཅིག་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-08

    གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་དུས། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་དང་མཉམ་དུ་སྨན་རྫས་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་དང་འབྲེལ་བའི་དྲ་ཐོག་གི་ཆ་འཕྲིན་རྫུན་མ་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། གཅིག་སྡུད་ཉོ་སྒྲུབ་ཀྱི་མིང་ཆད་བཟོ་བ་དང་། འཚབ་སྣང་བཟོ་བ། སྤྱི་དམངས་ལ་གོ་བ་ལོག་ཁྲིད་བྱེད་པ་བཅས་ཀྱི་རྩིས་ཐོའི་ཨང་གྲངས་ཁག་ཅིག་བཅའ་ཁྲིམས་དང་གྲོས་དན་ལྟར་ཐག་གཅོད་བྱས་པ་དང་། ཚེས་5ཉིན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་དཔེ་མཚོན་གྱི་གྱོད་དཔེ་ཁག་ཅིག་བརྡ་ཁྱབ་བཏང་བ་རེད།

    ཆ་འཕྲིན་རྫུན་མ་བཟོས་ནས་གཅིག་སྡུད་ཉོ་སྒྲུབ་སྲིད་ཇུས་ཀྱི་མིང་ཆད་བཟོས་པ། རྒྱུག་འབོར་ཆེ་རུ་གཏོང་ཆེད། གཅིག་སྡུད་ཉོ་སྒྲུབ་བྱས་པའི་སྨན་རྫས་དང་ཟད་གྲོན་གྱི་སྤུས་ཀ་མི་བཟང་བའི་ཆ་འཕྲིན་རྫུན་མ་བཟོ་བའམ་ཡང་ན་དྲ་རྒྱའི་ཐོག་ནས་བསྡུ་རུབ་བྱས་པའི་གཅིག་སྡུད་ཉོ་སྒྲུབ་དང་འབྲེལ་བའི་བརྙན་ཟློས་བསྐྱར་བཟོ་བྱས་རྗེས་ཁྱབ་བསྒྲགས་བྱས་པ་རེད། དེ་འབྲེལ་གྱི་རྩིས་ཐོའི་ཨང་གྲངས་ལ་བཅའ་ཁྲིམས་དང་གྲོས་དན་ལྟར་ཐག་གཅོད་བྱས་ཡོད་པ་རེད།

    སྤྱི་ཚོགས་ཀྱི་འཆར་སྣང་ངན་སྐུལ་བྱས་ནས་སྤྱི་དམངས་ལ་འཚབ་སྣང་བཟོས་པ། རྒྱལ་ཁབ་ཀྱི་སྲིད་ཇུས་འཁྱོག་བཤད་དང་། དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་བཟོ་བ། གསར་གཏོད་རང་བཞིན་གྱི་སྨན་རྫས་དང་འདྲ་བཟོ་བྱས་པའི་སྨན་རྫས་ལ་བཅངས་པའི་དྲ་དམངས་ཚོའི་འགལ་ཟླའི་བསམ་ཚུལ་ངན་སྐུལ་བཅས་བྱས་པ་དང་། དེ་དག་ཁྲོད་ཀྱི་རྩིས་ཐོའི་ཨང་གྲངས་ཁག་ཅིག་གི་དམིགས་ཡུལ་ནི་སྤྱི་དམངས་ལ་སྨན་སྤྱོད་འཚབ་སྣང་བཟོས་ནས་ཁོང་ཚོར་འབྲེལ་ཡོད་བདེ་སྲུང་ཐོན་རྫས་དང་རྩེར་སོན་སྨན་བཅོས་འགན་བཅོལ་ཉོ་བར་ཁྲིད་སྟོན་བྱེད་པའམ་ཡང་ན་དམིགས་བསལ་གཏན་འཁེལ་བའི་དྲ་རྒྱའི་ལས་སྟེགས་ནས་སྨན་རྫས་ཉོ་བར་ཁྲིད་སྟོན་བྱེད་པའི་ཆེད་དུ་རེད། དེ་འབྲེལ་གྱི་རྩིས་ཐོའི་ཨང་གྲངས་བཅའ་ཁྲིམས་དང་གྲོས་དན་ལྟར་ཐག་གཅོད་བྱས་ཡོད་པ་རེད།

    གཅིག་སྡུད་ཉོ་སྒྲུབ་མིན་པའི་ཐོན་རྫས་དག་རྐང་བཙུགས་ནས་གཅིག་སྡུད་ཉོ་སྒྲུབ་དང་འབྲེལ་བ་བྱས་ཏེ་སྤྱི་དམངས་ལ་གོ་བ་ལོག་ཁྲིད་བྱས་པ། ཀུན་གྱིས་དོ་ཁུར་བྱེད་པའི་གཅིག་སྡུད་ཉོ་སྒྲུབ་དང་ལྷན་དུ་རྒྱུག་འབོར་ཆེ་རུ་འགྲོ་ཆེད། སྨན་སྤྱོད་ལག་ཤུབས་དང་སྨན་ཆུ་བླུགས་སའི་འགྱིག་ཁུག་སོགས་དོན་དངོས་ཐོག་གཅིག་སྡུད་ཉོ་སྒྲུབ་ཀྱི་ཐོན་རྫས་མིན་པའི་སྨན་བཅོས་ཡོ་བྱད་ཁག་ཅིག་གི་སྤུས་ཚད་ཞན་པོ་འདུག་ཅེས་བཤད་དེ། གཅིག་སྡུད་ཉོ་སྒྲུབ་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆུང་དུ་བཏང་བ་རེད། དེ་འབྲེལ་གྱི་རྩིས་ཐོའི་ཨང་གྲངས་བཅའ་ཁྲིམས་དང་གྲོས་དན་ལྟར་ཐག་གཅོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།