ཕྱི་རྒྱལ་གྱི་གྲོགས་པོའི་པར་ཆས་ནང་གི་དཔྱིད་དཔལ་བཞད་པ་ལྟ་བུའི་ཀྲུང་གོ
“ཁྱིམ་ཚང་ཆུང་ཆུང”དྲོ་སོབ་སོབ། “ཁྱིམ་ཚང་ཆེན་པོ”དར་ཞིང་རྒྱས།

ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཚན་རྩལ་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱུང་ནས། གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། ཀྲུང་གོར་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་ལས་དོན་སྤེལ་རྒྱུ་བྱུང་བ་དེས་ང་ལ་ཕན་པ་ཆེན་པོ་བྱུང་། ཀྲུང་གོར་རྒྱལ་སྤྱིའི་སྔོན་ཐོན་གྱི་ཚན་ཞིབ་ཁོར་ཡུག་ལྡན་པས་གསར་གཏོད་དང་སྔོན་ཐོན་རང་བཞིན་འཚོལ་ཞིབ་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ནས་ང་ཚོར་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་བཏོད་དེ་ཤེས་རྒྱ་དང་གསར་གཏོད་ཀྱི་བར་མཐོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་སོང་། འདི་ནི་ཧྲང་ཧའེ་ཀྲང་ཅང་ཚན་རིག་གྲོང་དུ་གནས་པའི་ཧྲང་ཧའེ་ཡི་འོད་ཁུངས་ཡིན་པ། (ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་མཐོ་རིམ་ཞིབ་འཇུག་ཁང་ཧྲང་ཧའེ་འོད་ཁུངས་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱི་རྒྱལ་ཁོངས་དབྱི་ཐ་ལི་ནས་ཡིན་པའི་དབུ་བཞུགས་ཚན་རིག་པ་ཡཱ་ལི་ཧྲན་ཏེ་ལོ·སའེ་ཕེ་ཡིས་པར་བརྒྱབ)

སྤོབས་སེམས་ལྡན་པའི་ཚན་རིག་གི་བསམ་བཀོད་དེ་ཀྲུང་གོའི་ཚོད་ལྟ་ཁང་དུ་རིགས་པས་ཁུངས་སྐྱེལ་བྱས་པས་མ་ཟད། དེ་བས་རྒྱུན་གཏན་འཚོ་བ་དང་འབྲེལ་བའི་ཁྲོད་ལག་ལེན་ཤུགས་ཆེན་བསྟར་བཞིན་ཡོད། ཀྲུང་གོ་སྲིད་གཞུང་དང་། ཁེ་ལས། མཐོ་སློབ་སོགས་ཀྱིས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་མཐུན་སྦྱོར་འགག་སྒྲོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་རྣམས་ལ་འཕྲད་པའི་གནད་དོན་དངོས་ཐག་གཅོད་བྱེད་པར་དམིགས་ནས་ཞིབ་འཇུག་གྲུབ་འབྲས་གསར་ཤོས་དེ་ལག་ལེན་དུ་བསྟར་ཐུབ་པའི་ཐག་གཅོད་ཇུས་གཞིར་འགྱུར་བར་འབད་བརྩོན་བྱེད་བཞིན་ཡོད། ཚན་རིག་ལག་རྩལ་གསར་གཏོད་ལ་བརྟེན་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད། འདི་ནི་ཀོང་ཏུང་ཧེང་ཆིན་གྱི་ཀོང་ཨའོ་མཉམ་ལས་གཏིང་ཟབ་ཁུལ་དུ་ཚན་ཞིབ་པ་ཞིག་གི་རྒྱལ་ཁབ་ཀྱི་རབས་གསར་པའི་ཀླད་ཆེན་མི་ཐབས་རིག་ནུས་ཀྱི་སྤྱི་པའི་རྩིས་ནུས་མཉམ་སྤྱོད་གསར་གཏོད་ལས་སྟེགས་ཀྱི་གཞི་གྲངས་ལྟེ་གནས་འཁོར་ཁང་དུ་སྒྲིག་ཆས་ལ་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ། (ཀོང་ཏུང་ཞིང་ཆེན་རིག་ནུས་ཚན་རིག་དང་ལག་རྩལ་ཞིབ་འཇུག་ཁང་གི་ཀླད་འཕྲུལ་སྦྲེལ་རྩལ་མ་ལག་མང་པོའི་མཉམ་འབྲེལ་ཚོད་ལྟ་ཁང་དུ་རྒྱལ་ཁོངས་རྒྱ་གར་ནས་ཡིན་པའི་ལས་རོགས་ཞིབ་འཇུག་པ་སང་ཏི་ཕུའུ·ཁུའུ་མར·ཨ་ཀེ་ཉི་ཧོ་ཐེ་ལིས་པར་བརྒྱབ)

ས་དམ་གཙང་པོའི་ཧེ་ལུང་ཐན་དུ་བབ་ཆགས་ཤིང་གསོན་ཉམས་ལྡན་པའི་འཇང་རིགས་ཀྱི་གནའ་བོའི་ཁང་པར་ལྟ་ཞིང་ལོ་བརྒྱའི་ལོ་རྒྱུས་རིང་མོར་ཉན་པ་ལས། ཀྲུང་གོར་ལོ་རྒྱུས་དང་རིག་གནས་དུས་ཀྱི་དབང་གིས་འཇིག་མེད་པར་དེ་ལས་ལྡོག་སྟེ་རྒྱུན་གཏན་གྱི་འཚོ་བའི་ནང་འདྲེས་ནས་མི་རྣམས་ཀྱི་བསམ་པའི་ཁྱིམ་གཞིས་ཀྱི་ཡིད་གསོས་སུ་འགྱུར་བཞིན་པ་ཚོར་བྱུང་། ཀྲུང་གོས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པར་གནའ་དེང་ཟུང་འབྲེལ་དང་། འཛམ་གླིང་དང་འབྲེལ་གཏུག་བྱེད་པའི་སྐར་ཁུང་བཏོད་པས། ཀྲུང་གོ་བ་ཚང་མས་རང་ཉིད་ཀྱི་ཤེས་དཔལ་ལ་འཛིན་པའི་ངོས་འཛིན་གཅིག་མཐུན་བྱུང་བ་མ་ཟད། མིའི་རིགས་ཀྱི་ཤེས་རིག་གི་སྣ་མང་རང་བཞིན་ལ་ཐུན་མོང་མ་ཡིན་པའི་ཀྲུང་གོའི་བློ་གྲོས་གསོན་ཉམས་ལྡན་པ་ཞིག་ལེགས་སྐྱེས་སུ་ཕུལ་ཡོད། འདི་ནི་ཡུན་ནན་ས་དམ་ཧེ་ལུང་ཐན་སྤྱི་གླིང་གི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་པ། (ས་དམ་དུ་བྱེས་སྡོད་པ་གྲོགས་པོ་ཧྥ་རན་སེ་བ་ཧོ་ཨང་ཐོན་གྱིས་པར་བརྒྱབ)

2025ལོའི་ཟླ་བ་གཉིས་པར། ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཧར་པིན་དུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ངོ་མཚར་ཆེ་བའི་འགྲན་བསྡུར་དང་ཚན་རྩལ་གྱི་ཚོར་སྣང་ཤུགས་ཆེན་སྦྱིན་པའི་ལུས་རྩལ་ཁང་སོགས་ཀྱིས་ཨེ་ཤེ་ཡ་ཙམ་མ་ཟད་འཛམ་གླིང་གི་ཡིད་དབང་བཀུག་ཡོད། གངས་འཁྱགས་ལུས་རྩལ་ལས་འཕྱུར་བའི་སྤྲོ་སྣང་གིས་གངས་འཁྱགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཟབ་མོ་ཚོར་ཏེ། ད་ཆ་ཀྲུང་གོ་བ་མང་པོ་ཞིག་གི་དགུན་དུས་སྤྲོ་གསེང་རོལ་རྩེད་ཀྱི་གདམ་ག་དང་པོར་གྱུར་ཡོད། འདི་ནི་ཧེ་ལུང་ཅང་ཧར་པིན་ཡ་པུའུ་ལི་གངས་ཤུད་ཡུལ་སྐོར་སྤྲོ་གསེང་ཁུལ་དུ་གངས་ཤུད་ལ་དགའ་མཁན་གྱིས་གངས་ཤུད་གློད་བཞིན་པ། (བྷེ་ཨུ་རུ་སུའི་ལུས་རྩལ་རིགས་ཀྱི་རང་སྨྱན་སྦྱོར་བ་ལེའོ་ཧྲ་ཡིས་པར་བརྒྱབ)
འབྲེལ་ཡོད་གསར་འགྱུར།