དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་པ།

    རྨང་གཞིའི་དངུལ་རྩའི་ཞབས་ཞུ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-08

    གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། དངུལ་ཁང་དེས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ལ“སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པར་མཛུབ་ཁྲིད་བྱས་པས། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་རྨང་གཞིའི་དངུལ་རྩའི་ཞབས་ཞུ་ཁྱབ་ཚད་100%ཟིན་པ་དེ་2018ལོ་ལས་བརྒྱ་ཆའི་གྲངས་24མཐོ་རུ་ཕྱིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་འདེགས་ཞུ་སྟངས་ཞེས་པ་ནི་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་མཛུབ་ཁྲིད་འོག་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ཞབས་ཞུ་ཕྱོགས་དགུ་ལ་སྤེལ་བའི”དྲ་མིག་ཅན་གྱི་ཞབས་ཞུའི་བྱ་སྤྱོད་སྤེལ་ནས་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྡེ་ཁུལ་གྱི་ཁྲོམ་གཞུང་། གྲོང་གསེབ་ཀྱི་ཞིང་དུད། སློབ་གྲྭའི་སློབ་ཁང་། དམག་སྒར་དང་སོ་ལྟ་ཁང་། ཚོང་སྐོར་ཚོང་དུད། གླིང་ཁུལ་དང་ལས་ཡུལ། དགོན་སྡེའི་གྲྭ་ཤག་བཅས་ལ་དངུལ་བུན་དང་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་དངུལ་རྩའི་ཞབས་འདེགས་ཞུས་ཏེ། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་རིམ་སྤོར་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སོགས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་གྲུབ་པའི་བསྐྱར་བཟོ་བྱེད་རུང་བ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱ་ཐབས་ལ་ཟེར།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། “སྐལ་བཟང་མེ་ཏོག”དངུལ་རྩའི་ཞབས་འདེགས་ཞུ་སྟངས་ལག་ལེན་བསྟར་བ་བརྒྱུད། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རྫོང་ཁོངས་མན་གྱི་ཞིང་ཕན་ཞབས་ཞུའི་ས་ཚིགས་ཁག་5528བཙུགས་པ་དེ་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པ་དང་། མཐའ་མཚམས་ཞབས་ཞུའི་ས་ཚིགས་ཚང་མར་ཁྱབ་སྟེ། “དངུལ་རྩའི་རྨང་གཞིའི་ལས་སྒོ་གྲོང་ཚོ་ནས་གཉེར་ཐུབ་པ་དང་། ཕྱོགས་བསྡུས་ཞབས་འདེགས་རྫོང་ནས་ཞུ་ཐུབ་པ། ཁྱད་ལྡན་དངུལ་རྩའི་ལས་སྒོ་མཐའ་མཚམས་ས་ཚིགས་ནས་གཉེར་ཐུབ་པ”བཅས་མངོན་འགྱུར་བྱུང་ཡོད། ཞིང་འབྲོག་མང་ཚོགས་ལ་དངུལ་ཁང་རྩིས་ཁྲ་ཁྱབ་ཚད་97.3%ཟིན་པ་དེ་2018ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་31.2མཐོ་རུ་ཕྱིན་ཡོད། “གཱ་བཞིར”དངུལ་བུན་གཏོང་ཚད་ཁྲི་46ལྷག་ཙམ་ཟིན་པ་དང་སྤྱོད་ཚད་95%ལས་བརྒལ་ཡོད། ཞིང་དུད་ལ་དངུལ་བུན་ཁྱབ་ཚད་90%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་སྐོང་ཚད་92.3%ཟིན་ནས། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི“དངུལ་བུན་གཡོར་དཀའ་བའི”གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།