དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཏན་ཏིག་ཁུར་བ།

    མི་སེར་གྱི་འཚོ་བ་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-08

    ཞོགས་པའི་ཆུ་ཚོད་བདུན་པ་ཙམ་ལ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་སྡོང་པོ་ལམ་སྡེ་ཁུལ་གྱི་ཏང་ཡོན་བཀྲ་ཤིས་ཀྱིས་དྲོད་སྲུང་ལྟོ་སྣོད་ཁྱེར་ནས་ཡང་ཤ་དོད་པོས་མི་ཧྲེང་རྒན་རྒོན་འགྱུར་མེད་ཀྱི་ཁྱིམ་དུ་བསྐྱོད། “སྤོ་བོ་འགྱུར་མེད་ལགས། ཁ་ལག་འཁྱེར་ཡོང་གི་ཡོད”ཅེས་བརྗོད་ནས་སྒོ་བརྡུངས་པ་དང་སྦྲགས་ཁུ་སིམ་པའི་སྲང་ལམ་དེ་རེ་ཞིག་གཉིད་ལས་སད། དེ་ཐོག་ནས་མེ་ཏོག་རྫོང་གི་རྒྱུན་དུ་མཐོང་ཐུབ་པའི་དྲོ་སྐྱིད་མཚོན་པ་སྟེ། ཏང་འཛུགས་སྐྱོང་ནི་འབོད་ཚིག་ཞིག་མིན་པར། མི་སེར་གྱི་རྒྱུན་གཏན་གྱི་འཚོ་བར་ལྟ་རྟོག་བྱེད་པའི་སྙིང་ཉེ་བའི་བྱ་བ་ཞིག་ཡིན་པ་དེ་རེད།

    ཁྱིམ་དུ་འབྱོར་མ་ཐག་བཀྲ་ཤིས་ཀྱིས་རྒྱུས་མངའ་ཆེན་པོས་ལྟོ་སྣོད་རེ་རེ་བཞིན་སྒྲོག་རྩེའི་སྟེང་བཞག་པ་དང་། དེ་ནས་ལག་ཞོར་དུ་བགྲེས་སོང་འགྱུར་མེད་ཀྱི་ཕྱུ་པའི་གོང་བ་བཟོ་སྐྱོར་བྱས། དགུང་ལོ་74ལ་སླེབས་པའི་བགྲེས་སོང་འགྱུར་མེད་ཀྱིས་ལྟོ་སྣོད་ཀྱི་ཁ་ཕྱེ་ཞིང་། འབྲས་དང་འཚོ་བཅུད་སྙོམས་པའི་ཤ་དང་སྔོ་ཚལ་བསྲེས་ནས་ཡོད་པ་དེ་ལས་རླངས་པ་ཆིལ་ཆིལ་བྱེད། “འབྲས་དེ་འབོལ་པོ་འདུག ང་རང་སོ་ཡག་པོ་མེད་པས་བཟའ་བདེ་པོ་འདུག ཉིན་ལྟར་དུས་ཐོག་ཏུ་ང་ལ་ཁ་ལག་སྐྱེལ་བར་ཡོང་མཁན་བཀྲ་ཤིས་རང་ཉིད་ཀྱི་ཕྲུ་གུ་ལས་ཀྱང་སེམས་རྩ་འཁོལ་བ་འདུག”ཅེས་བགྲེས་སོང་ཁོང་གིས་འཛུམ་དམུལ་དམུལ་ངང་བཤད། སྐབས་འདིར་ཁོང་གི་མིག་ཟུང་ལས་དྲོ་སྐྱིད་ཀྱི་རྣམ་པ་མངོན།

    མེ་ཏོག་རྫོང་འདི་ཉིད་རི་བོ་མཐོ་ལ་གྲོག་རོང་ཁུལ་དུ་གནས་པས། ལོ་ན་མཐོ་བའི་རྒན་རྒོན་མི་ཉུང་བ་ཞིག་འགྲོ་སྐྱོད་མི་བདེ་བས་ཉིན་གཅིག་ལྟོ་དུས་གསུམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སེམས་ནད་ཅིག་ཏུ་གྱུར་ཡོད། སྡོང་པོ་ལམ་སྡེ་ཁུལ་གྱི་ཏང་ཡོན་ཚོས་གནད་དོན་དེར་དམིགས་ནས་རང་འགུལ་ངང་མི་32ལས་གྲུབ་པའི་ཁ་ལག་སྐྱེལ་མཁན་རུ་ཁག་ཅིག་བཙུགས་ཏེ། ཁུལ་དབྱེ་འགན་ལེན་དང་མི་དང་འགན་འཁྲི་གཏན་འཁེལ་བཟོས་ནས། ཉིན་ལྟར་སྡེ་ཁུལ་གྱི་ཟ་ཁང་དང་རྒན་རྒོན་ཚོའི་ཁྱིམ་དུ་ཕར་འགྲོ་ཚུར་འོང་གིས་ཁ་ལག་སྐྱེལ་གྱི་ཡོད། ཁ་ལག་སྐྱེལ་བའི་བརྒྱུད་རིམ་ནང་། ཏང་ཡོན་ཚོས་ད་དུང་ཅི་འཕྲོས་མོལ་འཕྲོས་བཤད་དེ། བགྲེས་སོང་ཚོའི་གཟུགས་པོའི་གནས་ཚུལ་དང་ཁྱིམ་ནང་ཅ་དངོས་ཙག་ཙིག་བཟོ་སྐྱོར་བྱེད་དགོས་མིན་སྐད་ཆ་དྲིས་ཏེ། གང་ས་ཅི་ཐད་ནས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    དྲོ་སྐྱིད་ཚོར་བར་བྱེད་པའི་བྱ་སྤྱོད་དེ་རིགས་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་གྲྭར་ཡང་སྤེལ་ཞིང་། གུང་གསེང་གི་བཅོལ་ཉར་འཛིན་གྲྭའི་ནང་ཕྱི་ནས་གླ་པ་རྒྱུག་པར་ཡོང་མཁན་གྱི་ཕྲུ་གུ་ཁྲེན་ཨན་ཨན་གྱིས་སྨྱུ་གུ་བཟུང་ནས་རི་མོ་འབྲི་བཞིན་ཡོད་ཅིང་། དང་བླངས་པས་ཁོ་མོའི་འགྲམ་དུ་བསྡད་དེ་རི་མོ་འབྲི་བར་ལྟ་བཞིན་མཆིས།

    གུང་གསེང་རིང་ཕ་མས་ཕྲུ་གུར་ལྟ་རྟོག་བྱེད་དཀའ་བའི་དཀའ་ངལ་ཤེས་རྟོགས་བྱུང་རྗེས། མེ་ཏོག་རྫོང་སློབ་གསོ་ཅུས་ཀྱིས་རང་འགུལ་ངང་སྣེ་ཁྲིད་དེ། སློབ་གྲྭའི་བྱེད་སྒོ་སྤེལ་ཡུལ་ལ་བརྟེན་ནས་སློབ་ཡོན་མི་དགོས་པར་བཅོལ་ཉར་འཛིན་གྲྭ་བཙུགས་ཤིང་། ཕྱི་ནས་གླ་པ་རྒྱུག་པར་ཡོང་མཁན་གྱི་བུ་ཕྲུག་སྔོན་ལ་བསྡུས་པ་མ་ཟད། ད་དུང་ཆེད་མངགས་དང་བླངས་པ་བརྒྱུད་རིམ་ཧྲིལ་པོར་ལྟ་རྟོག་བྱེད་དུ་བཅུག་ཡོད། “ཕྲུ་གུར་ཁ་ལག་སྟེར་བ་མ་ཟད། ད་དུང་སྦྱོང་ཚན་ཟུར་ཁྲིད་བྱེད་པ་དང་རྩེད་མོ་རྩེ་རོགས་བྱེད་ཀྱི་ཡོད། དངུལ་སྐར་ལི་གཅིག་ཀྱང་སྤྲོད་དགོས་མེད”ཅེས་དང་། ཕྲུ་གུ་ཚོ་སྣང་བ་སྐྱིད་པོས་རྩེད་མོ་རྩེ་གི་འདུག ཁྱིམ་བདག་ཚོའང་བློ་བདེ་པོས་ལས་ཀ་བྱས་ཆོག དེ་ནི་བཅོལ་ཉར་འཛིན་གྲྭ་གཉེར་བའི་དོན་སྙིང་ཆེ་ཤོས་དེ་ཡིན་ཞེས་བཅོལ་ཉར་འཛིན་གྲྭའི་དང་བླངས་པ་ནོར་བུ་གཡང་འཛོམས་ཀྱིས་གད་མོ་འཚེར་འཚེར་ངང་བརྗོད།

    ཧོང་གོ་ཧྲུའུ་སྡེ་ཁུལ་གྱི་ཐང་ཆེན་དུ། ཨ་ཅག་སྐལ་བཟང་གིས་ཉི་མ་སྲོ་ཞོར་ཁྱིམ་མཚེས་ཚོ་དང་ཁ་བརྡ་གློད་བཞིན་ཡོད་ཅིང་། སྡེ་ཁུལ་གྱི་འགྱུར་ལྡོག་སྐོར་གླེང་སྐབས་ཁོང་ལ་ཤོད་རྒྱུ་མང་པོ་ཡོད། ཁོང་གིས“དེ་སྔོན་སྡེ་ལས་ཀྱི་དོ་དམ་བྱེད་མཁན་མེད་དུས། བར་ཁྱམས་སུ་གད་སྙིགས་སྤུངས་པ་དང་། ཆར་པ་འབབ་དུས་ཆུ་འགྲོ་འགག་ནས་བཙོག་ཆུ་གང་སར་འཁྱིལ་བས། དགོང་མོ་རྐང་ཐང་མར་འགྲོ་དུས་གཟབ་གཟབ་ཞེ་དྲགས་བྱེད་དགོས་ཀྱི་འདུག ད་ཆ་དེ་འདྲ་མ་རེད། གང་སར་གཙང་མ་ཡོད་པ་མ་ཟད། ད་དུང་མཚན་མོ་སྐོར་གཡེང་བྱེད་མཁན་ཡང་ཡོད་པས་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད། སྐད་ཆ་འདི་དག་ལས་ཧོང་གོ་ཧྲུའུ་སྡེ་ཁུལ་གྱི་གྲོང་མི་ཡོངས་ཀྱི་སེམས་གཏམ་མཚོན་ཞིང་། སྔོན་ཆད་བློ་བཟོད་མི་བདེ་བའི་སྡེ་ཁུལ་དེ་ད་ཆ་ཚང་མ་བློ་བདེ་བའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཡོད།

    གྲོང་མིར་དཀའ་ངལ་འཕྲད་སྐབས་ཏང་ཡོན་གྱིས་རོགས་རམ་བྱེད་ཅིང་། སྡེ་ཁུལ་གྱི་ཏང་ཡོན་གྱིས་རང་འགུལ་ངང་ཚང་མ་བསྐོངས་ནས་གྲོས་མོལ་བྱས་ཏེ། མཉམ་དུ་སྡེ་ལས་ཨུ་ལྷན་བཙུགས་པ་མ་ཟད། ད་དུང་རང་ཉིད་ཀྱི་སྡེ་ལས་ཚོགས་པ་ཡང་བཙུགས་ཡོད།

    ལྟོ་ཆས་ཚ་པོ་བཟའ་རྒྱུ་ཡོད་པས་ཚེ་མཇུག་འཚོ་བ་སྐྱིད་ལྷང་ལྷང་། བཅོལ་ཉར་གང་ལེགས་བྱུང་ནས་ཡུལ་མི་གནས་བཟོད་བདེ་བར་གྱུར། ཧོབ་སྟེ་ལྟ་དུས་དེ་དག་ཚང་མ་དོན་ཆུང་ཡིན་རུང་། ཚང་མ་མེ་ཏོག་བའི་སེམས་ལ་བབས་པ་ཤ་སྟག་རེད། བོད་ཤར་ལྷོའི་རྫོང་གྲོང་ཆུང་ཆུང་འདིར། ཏང་འཛུགས་སྐྱོང་དེ་ཉིད་སྔ་མོ་ནས་རི་ཁུག་དང་། ཤང་གྲོང་། སྲང་ལམ་སོགས་སུ་རྩ་བ་ཚུགས་ཏེ་ཏང་ཡོན་ཚོས་སྡེ་ཁུལ་དང་དུད་ཚང་དུ་སྐྱོད་པའི་གོམ་སྟབས་དང་དམངས་ཀྱི་སེམས་ཁྲལ་སེལ་བའི་ལྷག་བསམ་དུ་གྱུར་ནས་མི་སེར་གྱི་འཚོ་བ་སྐྱིད་སྣང་དོད་ལ་བདེ་སྐྱིད་ལྡན་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།