དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོར་གསོ་སྦྱོང་བྱས་ནས་ཀུའེ་ཡ་ནར་བདེ་སྐྱིད་བསྐྲུན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡའོ་ཞུའེ་ཆིང་།   |     སྤེལ་དུས།  2026-02-07

    “ངས་ཀྲུང་གོ་ནས་སྔོན་ཐོན་གྱི་ལག་རྩལ་སྦྱངས་པ་མ་ཟད། ངའི་མཐོང་རྒྱ་ཡང་ཆེ་རུ་ཕྱིན་སོང”ཞེས་ལོ་28ལ་སླེབས་པའི་ཀུའེ་ཡ་ནའི་སྨན་པ་ཨར་པོ་ཐེ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད། ཁོང་གིས་ཟླ་བ་3གྱི་གོང་དུ་ཀྲུང་གོར་གསོ་སྦྱོང་བྱེད་སྐབས་རང་རྐྱ་འཕེར་བའི་ངང“ཚད་བརྒལ་སྒྲ་རླབས་ཀྱི་ཁྲིད་སྟོན་འོག་དབང་རྩ་འགག་པའི”གནད་སྨིན་སྦྲིད་སྨན་སྤྱོད་ཐེངས་དང་པོ་དེ་ལེགས་སྒྲུབ་བྱུང་བ་དང་དེ་ནི་ཁོང་ཀྲུང་གོར་གསོ་སྦྱོང་བྱེད་རིང་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། ཁོང་གིས“ཀྲུང་གོར་གསོ་སྦྱོང་བྱས་ནས་ཀུའེ་ཡ་ནར་ཕྱིར་ལོག་རྗེས་ངས་ལག་རྩལ་དེ་ཁྱབ་གདལ་བཏང་སྟེ་ཀུའེ་ཡ་ནའི་མི་དམངས་ལ་བདེ་སྐྱིད་བསྐྲུན་གྱི་ཡིན”ཞེས་བཤད།

    2025ལོའི་ལོ་སྨད་དུ། ཀུའེ་ཡ་ནའི་ཆེད་ལས་ཚན་ཁག་གི་སྨན་པ་7བདམས་ཏེ་ཀྲུང་གོར་ཡོང་ནས་ཅང་སུའུ་ཞིང་ཆེན་ནན་ཅིང་གི་ཀུའུ་ལུའོ་སྨན་ཁང་གི་བུད་མེད་ཚན་ཁག་དང་། རུས་ནད་ཚན་ཁག གཤེར་རྨེན་དང་རྙིང་ཚབ་གསར་བྱེད་ཕྱི་ནད་ཚན་ཁག སྦྲིད་སྨན་ཚན་ཁག་དང་ནད་ཁམས་ཚན་ཁག་བཅས་སུ་བསྐྱོད་དེ་དུས་ཡུན་ཟླ་བ་3གྱི་གསོ་རིག་ཆེད་ལས་གསོ་སྦྱོང་དང་ལེན་བྱས་པ་རེད། ཨར་པོ་ཐེ་ནི་དེའི་གྲས་ཤིག་རེད།

    ཨར་པོ་ཐེ་ནི་ཀུའེ་ཡ་ནའི་རྒྱལ་སའི་ཅོར་ཅི་ཐོན་གཞུང་བཙུགས་སྨན་ཁང་སྦྲིད་སྨན་ཚན་ཁག་ནས་ཡིན་ཞིང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཅོར་ཅི་ཐོན་གཞུང་བཙུགས་སྨན་ཁང་ནི་ཀུའེ་ཡ་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་བཅའ་སྡོད་བྱ་ཡུལ་སྨན་ཁང་ཞིག་ཡིན་པ་དང་། ལོ་འགའི་གོང་ཀུའེ་ཡ་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་ཁོངས་མི་དང་ནན་ཅིང་ཀུའུ་ལུའོ་སྨན་ཁང་སྦྲིད་སྨན་ཚན་ཁག་གི་སྨན་པ་བཀའ་བཅུ་པ་གཞོན་པ་ཀྲང་ཅིན་ཝུའེ་ཡིས་རྒྱལ་སྤྱིའི་མདུན་གྲལ་གྱི“ཚད་བརྒལ་སྒྲ་རླབས་ཀྱི་ཁྲིད་སྟོན་འོག་དབང་རྩ་འགག་པའི”གནད་སྨིན་སྦྲིད་སྨན་ལག་རྩལ་སྐབས་དེ་དུས་ཀྱི་སྦྲིད་སྨན་ཚན་ཁག་གི་འགན་འཁུར་བར་བསླབས་ནས་ས་གནས་དེ་གའི་དེའི་ཐད་ཀྱི་མི་འདང་བའི་ཆ་གསབ་ཡོད། ཚན་ཁག་གི་ན་གཞོན་རྐང་འཛིན་པ་ཞིག་ཡིན་པའི་ངོས་ནས་ཨར་པོ་ཐེ་ཡིས་ལག་རྩལ་དེ་སྦྱོང་བར་ཡོང་བ་རེད།

    གསོ་སྦྱོང་བྱེད་རིང་། ཀུའེ་ཡ་ནའི་འཕྲོད་བསྟེན་པུའུ་ཡིས་ད་དུང་དཔོན་རིགས་30ལྷག་ཙམ་ནན་ཅིང་གི་ཀུའུ་ལུའོ་སྨན་ཁང་དུ་མཉམ་སྦྲེལ་དྲ་རྒྱའི་སྨན་ཁང་དང་སྨན་བཅོས་ཀྱི་གཞི་གྲངས་ཆེན་པོ་ཐག་གཅོད་སོགས་ཆ་འཕྲིན་ཅན་འཛུགས་སྐྱོང་ཉམས་མྱོང་སློབ་སྦྱོང་བྱེད་པར་མངགས་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས། ལོ་41ལ་སླེབས་པའི་ཅོར་ཅི་ཐོན་གཞུང་བཙུགས་སྨན་ཁང་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་བཀའ་བཅུ་པ་ལྷ་མོ་ཏེ་ཧོར་ལ་དམིགས་ཚད་གསར་པ་བྱུང་བ་སྟེ། “སྔོན་ཐོན་གྱི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ཡོད་པ་ལས་ང་ཚོའི་སྨན་ཁང་དེ་ཀུའེ་ཡ་ནའི་རྨ་ཆུང་གཤགས་བཅོས་ལྟེ་གནས་ཡག་ཤོས་ཤིག་ཏུ་འགྱུར་བར་བྱེད་དགོས་པ་མ་ཟད། ད་དུང་ཅ་ལེ་པི་ས་ཁུལ་གྱི་བུད་མེད་ཀྱི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱེད་དགོས་པ”དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།