སོ་ཏི་ཨ་རབ་ཀྱི་སྨྱན་སྦྱོར་གླེང་སྟེགས་སྐབས་ལྔ་པ་རི་ཡ་ཏེ་རུ་གཉེར་བ།
སོ་ཏི་ཨ་རབ་ཀྱི་སྨྱན་སྦྱོར་གླེང་སྟེགས་སྐབས་ལྔ་པ་ཚེས་2ནས་4ཉིན་བར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་རི་ཡ་ཏེ་རུ་གཉེར་ཞིང་། སྐབས་དེའི་གླེང་སྟེགས་ཀྱིས“འགྱུར་ལྡོག་འགྲོ་བཞིན་པའི་འཛམ་གླིང་ཁྲོད་ཀྱི་སྨྱན་སྦྱོར”ལ་དམིགས་པ་དང་། རྒྱལ་ཁབ་20ལྷག་ཙམ་གྱི་སྨྱན་སྦྱོར་ལས་རིགས་ཀྱི་མི་སྣ་དང་རིགས་གཅིག་མཁས་ཅན་300ལྷག་ཙམ་ཞུགས་ཡོད། གླེང་སྟེགས་གཉེར་ཞོར་དུ་མ་འོངས་ཀྱི་སྨྱན་སྦྱོར་འགྲེམས་སྟོན་ཡང་བྱས་ནས་ས་གནས་དེ་ག་དང་རྒྱལ་སྤྱིའི་སྒྲིག་གཞི་དང་ཁེ་ལས་250ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད། མི་དམངས་ཉིན་རེའི་ཚགས་པར་ཁང་སོ་ཏི་ཨ་རབ་ཡན་ལག་ཁང་གིས་འགྲེམས་ཚོགས་སུ་འགྲེམས་སྟེགས་བཙུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།