དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མོ་ན་ཁོའི་ཚོང་དོན་གླེང་སྟེགས་དང་འཁོར་འབྲེལ་འགྲེམས་ཚོགས་ཀྱི་འོས་སྦྱོར་ཚོགས་འདུ་ཁཱ་ས་པུའུ་ལན་ཁཱར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-07

    ཤིན་ཧྭ་གསར་འགྱུར་ཁང་མོ་ན་ཁོའི་གྲོང་ཁྱེར་ཁཱ་ས་པུའུ་ལན་ཁཱ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་མོ་ན་ཁོའི་ཚོང་དོན་གླེང་སྟེགས་དང་འཁོར་འབྲེལ་འགྲེམས་ཚོགས་ཀྱི་འོས་སྦྱོར་ཚོགས་འདུ་ཚེས་5ཉིན་མོ་ན་ཁོའི་ཁཱ་ས་པུའུ་ལན་ཁཱར་བདེ་བླག་ངང་འཚོགས་ཤིང་། ཀྲུང་གོ་དང་མོ་ན་ཁོའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་100ལྷག་ཙམ་ཚོགས་འདུར་ཞུགས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གོ་སྐབས་གསར་པའི་སྐོར་མཉམ་དུ་གླེང་བ་རེད།

    ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་པ་དང་འབྲེལ། ཤིས་ཚིག་ཀྱང་བསྒྲོན་ཞིང་། ཁོང་གིས་ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་དུས་ཡུན་རིང་པོར་ཀྲུང་གོ་དང་མོ་ན་ཁོའི་བཟོ་ཚོང་ལས་རིགས་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་མོ་ན་ཁོ་ཕྱོགས་དང་ལག་གདང་སྦྲེལ་ཏེ་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྨང་གཞི་བརྟན་དུ་གཏོང་རྒྱུར་སྐུལ་ལྕག་བྱེད་པ་དང་། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་གནས་སྐྱེད་སྲིང་བྱས་ཏེ་ཀྲུང་གོ་དང་མོ་ན་ཁོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱེད་འདོད་ཡོད། མོ་ན་ཁོ་ཕྱོགས་ཀྱི་ལས་རིགས་ཁག་འཁོར་འབྲེལ་འགྲེམས་ཚོགས་སྐབས་བཞི་པར་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡིན་ཞེས་བརྗོད་པ་རེད།

    ཚོགས་འདུར་ཞུགས་མཁན་མོ་ན་ཁོ་ཕྱོགས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ཀྲུང་གོའི་ཁྲོམ་རའི་གོ་སྐབས་ལ་གདེང་འཇོག་གང་ལེགས་བྱས་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ཟབ་ཏུ་བཏང་ནས་ཕན་ཆེ་བརྟན་འཁྱོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ཀྱི་དྲ་བ་མཉམ་སྐྲུན་བྱ་རྒྱུའི་རེ་སྒུག་ཀྱང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།