ཀྲུང་ལོའི་ལྕཌ་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་6600ལྷག་ཙམ་སྐྱེལ་འདྲེན་བྱས་པ།
གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་ལོའི་ལྕགས་ལམ་2021ལོའི་ཟླ་12ཚེས་3ཉིན་ཤར་གཏོང་ཐུབ་པ་ནས་2026ལོའི་ཟླ་2ཚེས་3ཉིན་བར་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་6600ལྷག་ཙམ་སྐྱེལ་འདྲེན་བྱས་པ་དང་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་ནས་ཡོང་བའི་འགྲུལ་པ་རྒྱལ་སྤྱིའི་མེ་འཁོར་དུ་བསྡད་ནས་རྒྱལ་སྒྲོལ་ཡུལ་སྐོར་བྱེད་པར་ཡིད་དབང་བཀུག་ཡོད།
མིག་སྔར། ཀྲུང་ལོའི་ལྕགས་ལམ་རྒྱུད་དུ་དགུན་དཔྱིད་ཀྱི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཤར་ཞིང་། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་རྒྱུན་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ་དང་། སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། མེ་འཁོར་སྐྱེལ་འདྲེན་ཇུས་གཞི་ལེགས་སུ་གཏོང་བ། ཉིན་ལྟར་འགྲུལ་སྐྱེལ་མེ་འཁོར་70ལྷག་ཙམ་སྐྱེལ་འདྲེན་བྱེད་པ་བཅས་ཀྱི་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་གྲངས་མི་ཐེངས་ཁྲི་6ཡན་རྒྱུན་འཁྱོངས་ཐུབ་ཡོད། འགྲུལ་པའི་ཡུལ་སྐོར་དགོས་མཁོ་སྣ་ཚོགས་སྐོང་ཆེད། ལྕགས་ལམ་སྡེ་ཚན་གྱིས་ད་དུང་སྤུས་ཚད་ཅན་དང་། བདེ་སྣང་ཅན། ཀུན་ཕན་ཅན་བཅས་ཀྱི་ཡུལ་སྐོར་མེ་འཁོར་བཏང་ནས་ཁུན་མིང་དང་། ཏ་ལི། ལི་ཅང་། ཤིས་ཧྲོང་པན་ན་སོགས་ཡུལ་སྐོར་བྱ་ཡུལ་གཙོ་བོ་དང་དེ་བཞིན་ཀྲུང་གོའི་ཁུན་མིང་ནས་ལོ་སིའི་ལོང་པོ་ལ་མངའ་སྡེ་དང་ཝན་ཐེན་བར་གྱི་རྒྱལ་སྒྲོལ་ཡུལ་སྐོར་ལམ་ཐིག་སྦྲེལ་མཐུད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།