“སྒོར་དུང་ཕྱུར་ཁྲི”གཉིས་ལས་ཀྲུང་དབྱང་ཁེ་ལས་ཀྱི་གསར་གཏོད་དང་འགྱུར་ལྡོག་དོན་གཉེར་བྱེད་ལུགས་མངོན་པ།
ལི་ཤིན་ཕིང་།
2025ལོའི་ཀྲུང་དབྱང་ཁེ་ལས།
ཀྲུང་དབྱང་ཁེ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཚོང་འབོར་ཁྱོན་སྒོར་དུང་ཕྱུར་ཁྲི་12ལྷག་ཙམ་ཟིན་ནས་ཚོང་འབོར་བསྡོམས་འབོར་གྱི་བསྡུར་ཚད་དེ་2022ལོ་ལས་བརྒྱ་ཆའི་གྲངས་10ལས་བརྒལ་བ།
ཀྲུང་དབྱང་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.5ལེགས་སྒྲུབ་བྱས་པ་དེས་མ་འཇོག་བསྡོམས་འབོར་གྱི་བསྡུར་ཚད་41.8%ཟིན་གྱི་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་ཀྱི་2025ལོའི་གྲུབ་འབྲས་གསལ་ཐོ་ཁྱབ་བསྒྲགས་བྱས་པ་དང“སྒོར་དུང་ཕྱུར་ཁྲི”གཉིས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
གཅིག་ནི། ཀྲུང་དབྱང་ཁེ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཚོང་འབོར་ཁྱོན་སྒོར་དུང་ཕྱུར་ཁྲི་12ལྷག་ཙམ་ཟིན་ནས་ཚོང་འབོར་བསྡོམས་འབོར་གྱི་བསྡུར་ཚད་དེ་2022ལོ་ལས་བརྒྱ་ཆའི་གྲངས་10ལས་བརྒལ་ཡོད། གཉིས་ནི། ཀྲུང་དབྱང་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་2.5ལེགས་སྒྲུབ་བྱས་པ་དེས་མ་འཇོག་བསྡོམས་འབོར་གྱི་བསྡུར་ཚད་41.8%ཟིན་ཡོད།
“སྒོར་དུང་ཕྱུར་ཁྲི”གཉིས་ཀྱི་གྲངས་གཞིའི་ཐོག་ནས་ཀྲུང་དབྱང་ཁེ་ལས་ཀྱི་བཀོད་སྒྲིག་གྲུབ་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་མཚོན་ཡོད། སྒོར་དུང་ཕྱུར་ཁྲི་སྔ་མ་དེས་ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ལས་གྲུབ་ཚུལ་ཅུང་ཟད་རྙིང་ཙམ་ཡིན་པའི་གནས་བབ་ལ་འགྱུར་ལྡོག་གཏོང་བཞིན་པ་མཚོན་པ་དང་ཕྱི་མ་དེས་ཀྲུང་དབྱང་ཁེ་ལས་ཀྱིས་གསར་པ་དང་འགྱུར་ལྡོག་དོན་གཉེར་བྱས་ནས་འཕར་བའི“འཁྱོག་ཐིག་གཉིས་པ”གཏོད་རྒྱུའི་ཆོད་སེམས་མངོན་ཡོད།
གསར་པ་དང་འགྱུར་ལྡོག་དོན་གཉེར་བྱེད་པ་ནི་འགན་འཁྲི་དང་ལས་འགན་གྱི་འགྱུར་ལྡོག་ལས་བྱུང་བ་ཞིག་རེད།
“ལོ་ལྔ་ཚན་བཅོ་ལྔ་པར”སླེབས་ཚུན། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་དང་ལས་འགན་ནི་གཞུང་ཁོངས་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་ཡོང་ཐབས་བྱེད་པ་ཁོ་ན་ཙམ་མ་ཡིན་པར། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་ཚན་རྩལ་གསར་གཏོད་དང་། ཐོན་ལས་ཚོད་འཛིན། བདེ་འཇགས་འདེགས་སྐྱོར་བཅས་ཀྱི་ནུས་པ་སྔར་བས་ལེགས་པར་འདོན་དགོས།
“ནུས་པ་གསུམ”འདོན་སྤེལ་ཏན་ཏིག་བྱེད་པར། ཀྲུང་དབྱང་ཁེ་ལས་ལ་སྔ་བསམ་ཕྱི་བལྟས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱབ་ཁོངས་སུ་གནས་བབ་མེད་པ་བྱེད་མི་རུང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་དབྱང་ཁེ་ལས་ཀྱི་ངོས་ནས་བརྗོད་ན། གདམ་གའི་གནད་དོན་ཞིག་མིན་པར་ངེས་པར་དུ་ལན་འདེབས་དགོས་པའི་གནད་དོན་ཞིག་རེད།
གསར་པ་དང་འགྱུར་ལྡོག་དོན་གཉེར་བྱེད་པ་དེ་ཡང་ཐོན་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལས་བྱུང་བ་ཞིག་རེད།
མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱིས་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ཐོན་ལས་བཀོད་པ་བསྐྱར་སྒྲིག་བྱེད་བཞིན་ཡོད། འགྲན་རྩོད་དྲག་པོའི་ཁྲོད་དུ་གནས་བབ་ཅིག་ཐོབ་པ་བྱེད་པར་ལག་རྩལ་དང་ཁྲོམ་རའི་འགྱུར་ལྡོག་དང་བསྟུན་རྒྱུ་དེ་ནི་ཀྲུང་དབྱང་ཁེ་ལས་ཀྱི“ངེས་པར་དུ་འདེམས་པའི་དོན་ཚན”ཞིག་ཏུ་གྱུར་ཡོད།
ཀྲུང་དབྱང་ཁེ་ལས་ཀྱིས་གསར་དར་ཐོན་ལས་ཐད་ནུས་ཤུགས་བཏོན་པ་ནི“ཁ་གཡེང་མིག་གཡེང”དང་གང་འདོད་དུ་མཚམས་ཚད་ལས་བརྒལ་བ་ཞིག་རྩ་བ་ནས་མིན། ཀྲུང་དབྱང་ཁེ་ལས་ཀྱིས་གསར་དར་ཐོན་ལས་བཀོད་སྒྲིག་བྱེད་སྐབས་སྔར་བཞིན་འགན་འཁྲི་དང་ལས་འགན་གཙོ་བོར་དམིགས་ནས་ཐོན་ལས་འཁོར་འབྲེལ་སྟོབས་ཆེར་གཏོང་བ་དང་རིན་ཐང་འཁོར་འབྲེལ་སྣུར་སྲིང་བྱེད་དགོས།
ཁེ་ལས་ལ་ལས་ལག་རྩལ་གསར་པ་ནང་འདྲེན་གདམ་ག་བྱས་ཏེ་ནུས་ཤུགས་ཡོད་རྒུས“འགྲན་ལམ”བཏོད་ཀྱི་ཡོད། ཀྲུང་གོའི་རླངས་འཁོར་བཟོ་གྲྭ་དང་པོས་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས་ནུས་རྒྱུ་གསར་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད། 2025ལོར་ཀྲུང་གོའི་རླངས་འཁོར་བཟོ་གྲྭ་དང་པོས་རང་བརྟེན་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་ཁྲི་36.6ལས་བརྒལ་བ་དེ་དུས་མཚུངས་ལས་71.4%འཕར་ཡོད་པ་རེད།
ཁེ་ལས་ཁ་ཤས་ཀྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་གདམ་ག་བྱས་ཏེ“འགྲན་ལམ”རྒྱ་སྐྱེད་གཏོང་བར་ཤུགས་རྒྱག་གི་ཡོད། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ལས་གྲྭའི་ལེགས་ཆར་བརྟེན་ནས་ལྗང་མདོག་ཨར་ལས་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་བྱས་པ་དང་དེས་ཡོངས་བསྒྲགས་བྱས་པའི་དྲོད་སྲུང་ཚ་གཅོད་ཐོན་རྫས་རབ་དང་རིམ་པར་དྲོད་སྲུང་ཙམ་མ་ཟད། མེ་འགོག་དང་བརླན་འགོག་སོགས་ཀྱི་ནུས་པ་ཡོད་པ་རེད། ཀྲུང་གོའི་ཨར་ལས་རྒྱུ་ཆ་ཚོགས་པས་རྒྱུ་ཆ་གསར་པའི་ཁྱབ་ཁོངས་སུ་ཞུགས་ནས་མ་དངུལ་60%ཡན་རྒྱུ་ཆ་གསར་པའི་ཁྱབ་ཁོངས་སུ་བཏང་སྟེ། ཁེ་ལས་ཀྱི་ཐཱན་ཚི་སྣའི་ཐོན་ནུས་ཀྱི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོ་ནས་གསུམ་པ་བར་བརྟན་པོར་གནས་པར་སྐུལ་འདེད་བཏང་བ་དང་གོ་ལ་ཧྲིལ་པོའི་ཆེས་སྲབ་པའི་ཧའོ་སྨི་1.5ཡི་འོད་ཤུགས་ཤེལ་ལེབ་འབོར་ཆེན་ཐོན་སྐྱེད་བདེ་བླག་བྱས་པ་རེད།
འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་ཀྱིས་གསར་དར་ཀ་རྟེན་ཐོན་ལས་སྐྱེད་སྲིང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཡིག་ཆར་ཞིབ་འཇུག་དང་འཆར་ཟིན་འགོད་བཞིན་ཡོད་ཅིང་། ཀྲུང་དབྱང་ཁེ་ལས་ཀྱིས་རྣམ་གྲངས་གལ་ཆེན་ལ་མ་དངུལ་གཏོང་བ་དང་། སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་བྱེད་པ། འགག་རྩའི་ཁྱབ་ཁོངས་ནས་གཞུང་ཁོངས་དཔལ་འབྱོར་གྱི་ཁྱོན་ཡོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།