དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྒྱལ་གསབ་གསར་པ”དོན་འཁྱོལ་གྱི་ཟླ་བ་ཐོག་མར།

    ཁྱིམ་སྤྱོད་གློག་ཆས་དང་། གྲངས་འཛིན། རིག་ནུས་བཅས་ཐོན་རྫས་ཁྱོན་ཁྲི་1500ལྷག་ཙམ་ལ་ཁ་གསབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-07

    གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་དང་། དེ་བཞིན་གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཉོ་སྒྲུབ་བྱེད་པའི་ཁ་གསབ་སྲིད་ཇུས་ལེགས་སུ་བཏང་ནས་ལག་བསྟར་བྱས་ཚུན་ཕན་འབྲས་རིམ་བཞིན་མངོན་ཡོད། ཟླ་དང་པོར། ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས་6དང་གྲངས་འཛིན་དང་རིག་ནུས་ཐོན་རྫས་རིགས་4བྲིན་ཚོང་བྱེད་ཚད་ཁྲི་1500ལས་བརྒལ་བ་དང་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་590ཙམ་ཟིན་གྱི་ཡོད་པ་རེད།

    མིག་སྔར། ཁྱིམ་སྤྱོད་གློག་ཆས་དང་དེ་བཞིན་གྲངས་འཛིན་དང་རིག་ནུས་ཐོན་རྫས་ཀྱི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཟླ་དང་པོར། ཁྱིམ་སྤྱོད་གློག་ཆས་རྙིང་པ་ཁྲི་681.3གསར་པར་བརྗེས་ནས་སྒོར་དུང་ཕྱུར་297.1ཟིན་ཏེ་ཕྱིར་ཚོང་ལ་སྐུལ་ཁྲིད་བྱས་པ་དང་། གྲངས་འཛིན་དང་རིག་ནུས་ཐོན་རྫས་གསར་པ་ཁྲི་911.5ཉོས་ནས་སྒོར་དུང་ཕྱུར་292.1ཟིན་ཏེ་ཕྱིར་ཚོང་ལ་སྐུལ་ཁྲིད་བྱས་པ་རེད།

    ཟླ་དང་པོར། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེས་པ་དང་། གྲངས་འཛིན། རིག་ནུས་བཅས་ཐོན་རྫས་གསར་པ་ཉོ་སྒྲུབ་བྱས་པའི་དྲ་ཕྱིའི་ཕྱིར་ཚོང་བྱེད་ཚད་བཅུ་ཆ་བརྒྱད་ཙམ་ཟིན་པ་དེ་དུས་མཚུངས་ལས་20%ཙམ་འཕར་ཡོད། དྲ་ཕྱིའི་ཚོང་ཁང་ཁག་གཅིག་གི་ཚོང་ལེགས་སུ་ཕྱིན་པ་དང་འགྲུལ་རྒྱུན་མང་དུ་སོང་བ་དང་དུས་མཚུངས་སུ་སྤྲོ་གསེང་རོལ་རྩེད་དང་། འགྲིམ་འགྲུལ་འགྲུལ་བཞུད། ཁྱད་ལྡན་བཟའ་བཏུང་སོགས་ཡུལ་ལྗོངས་ལས་བརྒལ་བའི་འཛད་སྤྱོད་ལ་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་ཙམ་ལྡན་པས། རྙིང་པ་གསར་པར་བརྗེ་བའི་སྣེ་ཁྲིད་དང་སྣ་མང་འཛད་སྤྱོད་ལས་ཡོང་འབབ་འཕར་བའི་རྣམ་པ་བཟང་པོ་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།