དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་རྒྱལ་ཡོངས་ཀྱི“ཡིག་འབུལ་ཞུ་བཅར་ལས་བྱེད་པ་ཡག་ཤོས”ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-07

    མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་བྱེད་པའི་བསམ་པའི་ཉམས་འགྱུར་དང་འགན་འཁྲི་འཁུར་སེམས་གསོན་ཉམས་དོད་པོས་མངོན་པར་བྱ་ཆེད། ཟླ་2ཚེས་4ཉིན། རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་ཀྱིས་གཙོ་གཉེར་དང་མི་དམངས་དྲ་བས་གཉེར་འགན་འཁུར་བའི་2025ལོའི་རྒྱལ་ཡོངས་ཀྱི“ཡིག་འབུལ་ཞུ་བཅར་ལས་བྱེད་པ་ཡག་ཤོས”ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཁྱབ་བསྒྲགས་མཛད་སྒོ་པེ་ཅིང་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་འཚོགས་པ་རེད། ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ཅུས་ཀྲང་ལི་ཝུན་ཀྲང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་དང་མི་དམངས་དྲ་བའི་ཏུང་ཧྲི་ཀྲང་གཅིག་ལྕོགས་ཡེ་ཀྲེན་ཀྲེན་གྱིས་ཁྱབ་བསྒྲགས་མཛད་སྒོར་ཤིས་ཚིག་བསྒྲོན་པ་རེད།

    དེ་གོང་རྒྱལ་ཡོངས་ཁྱབ་ཁོངས་སུ་རེས་སྐོར་མང་བའི་དཔྱད་འདེམས་བྱས་པ་བརྒྱུད། ཝང་དབྱིང་དང་། ལིན་རུའེ་ཨན། ཝུན་ཆིང་ཧྥེང་། ཀྲའོ་ཞའོ་ཧྥེང་། ཏོན་ཧྲུའུ་ཅོན། ཕར་ཧ་ཐི·ནའེ་སེར་ཏིང་། ཚུའེ་ཤིན། ཝང་རུའེ་ཞ། ཀྲོའུ་ཤན་ཝེ། ལུའུ་དབྱིང་ཅཱ་བཅས་ཡིག་འབུལ་ཞུ་བཅར་ལས་དོན་པ་10“ཡིག་འབུལ་ཞུ་བཅར་ལས་བྱེད་པ་ཡག་ཤོས”སུ་བདམས་པ་རེད། ཁྱབ་བསྒྲགས་མཛད་སྒོས་དྲིལ་བསྒྲགས་པར་གཞི་དང་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་ནས“ཡིག་འབུལ་ཞུ་བཅར་ལས་བྱེད་པ་ཡག་ཤོས”ཀྱི་ཕུལ་བྱུང་མཛད་རྗེས་དྲིལ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།