གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་འདུན་ཞུའི་འབྲེལ་ཡོད་དོན་ཚན་ལེགས་སྒྲིག་བྱས་པ།
མ་ལག་ནང་ནང་དོན་ཞིབ་ཕྲ་ཧོབ་ཐོན་སྐར་ཁུང་གིས་རམ་འདེགས་བྱེད་པ།
གནས་ཐང་འཕར་ཁྲལ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དང་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་སྔར་བས་དོན་འཁྱོལ་ཡག་པོ་བྱ་ཆེད། ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གནས་ཐང་འཕར་ཁྲལ་གྱི་སྲིད་ཇུས་གསར་པ་བར་བརྒལ་སྐབས་ཀྱི《གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་འདུན་ཞུའི་འབྲེལ་ཡོད་དོན་ཚན་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》 ཁྱབ་བསྒྲགས་བྱས་པའི་ནང་། གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་འདུན་ཞུའི་འབྲེལ་ཡོད་དོན་ཚན་ལེགས་སྒྲིག་བྱས་ཏེ། ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་གྱི་འདུན་ཞུ་སྔར་བས་གནད་འཁེལ་དང་སྟབས་བདེ་ཡོང་བར་རོགས་རམ་བྱ་རྒྱུ་ཡིན་ལུགས་བསྟན་ཡོད།
ལེགས་སྒྲིག་བྱས་པའི་ནང་དོན་གཙོ་བོའི་གྲས་སུ“ངལ་ནུས”དེ“ཞབས་ཞུའི”ཁྱབ་ཁོངས་སུ་འཇུག་པའི་སྲིད་ཇུས་ཀྱི་འགྱུར་ལྡོག་ལ་གཞིགས་ནས། སྤྱིར་བཏང་ཁྲལ་འཇལ་བའི་རེའུ་མིག་གཙོ་བོའི་འབྲེལ་ཡོད་དོན་ཚན་རྒྱོང་བའི་ནང་དོན་དེ་ཞབས་ཞུ་དང་། མངོན་མེད་རྒྱུ་ནོར། གཏན་འཇགས་རྒྱུ་ནོར་བཅས་བར་རྒྱ་བསྐྱེད་དང་། ཕྱིར་ཚོང་དངུལ་འབོར་གྱི་མཚན་ཉིད་ལ་གཞིགས་ནས་ལེགས་སྒྲིག་དང་། ཁྱད་གྲངས་འཐེན་འཕྲིའི་རྣམ་གྲངས་ཀྱི་རེའུ་མིག་རྒྱོང་བའི་ཁྱབ་ཁོངས་ལེགས་སུ་བཏང་བ་དང་། བསྡུ་འགོ་འཛུགས་པའི་སྲིད་ཇུས་ཀྱི་འགྱུར་ལྡོག་་ལ་གཞིགས་ནས། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་རེའུ་མིག་གཙོ་བོའི་ནང་དེ་སྔ་བརྒྱངས་པའི་ཕྲན་ཚེགས་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱོད་པའི་ཕྱིར་ཚོང་གྲངས་འབོར་དང་ཁྲལ་འབོར་གྱི་འབྲེལ་ཡོད་འདེམས་ཚན་དེ་བསྡུས་འགོ་འཛུགས་པའི་ཚད་དུ་མ་སླེབས་པའི་དཔྱ་ཁྲལ་རྩ་ཆག་གཏོང་བའི་ཕྱིར་ཚོང་དངུལ་འབོར་དང་རྩ་ཆག་གཏོང་བའི་གྲངས་འབོར་གྱི་རེའུ་མིག་རྒྱོང་བར་ལེགས་སྒྲིག་བྱས་པ། སྣུམ་རླངས་ཞིང་ཁའི་ཁེ་ལས་ཀྱིས་གནས་ཐང་འཕར་ཁྲལ་སྔོན་འཇལ་བྱེད་དགོས་པའི་བླང་བྱ་གསར་པ་གཞིར་བཟུང་། 《གནས་ཐང་འཕར་ཁྲལ་དང་ཟུར་སྣོན་ཁྲལ་དངུལ་སྔོན་འཇལ་རེའུ་མིག》ནང“ཐོན་སྐྱེད་དང་འཚོ་བའི་ཞབས་ཞུའི”རྣམ་གྲངས་མང་དུ་བཏང་བ་བཅས་ཚུད་ཡོད།
རེའུ་མིག་རྒྱོང་སྐབས་གནད་ལ་འཁེལ་པོ་ཡོང་ཆེད། འདུན་ཞུའི་མ་ལག་ནང་ནང་དོན་ཞིབ་ཕྲ་ཧོབ་ཐོན་སྐར་ཁུང་གི་རམ་འདེགས་བྱེད་ནུས་གསར་དུ་བསྣན་ཡོད། ཁྲལ་འཇལ་བས་ཡོང་སྒོའི་ཁྲལ་འབབ“གཞན་དག”གམ་ཡང་ན་ཡོང་སྒོའི་ཁྲལ་འབབ་བསྒྱུར་བའི་རེའུ་མིག་རྒྱོང་སྐབས། མ་ལག་དེའི་ནང་དོན་ཞིབ་ཕྲ་ཧོབ་ཐོན་སྐར་ཁུང་དོན་ནས་རེའུ་མིག་རྒྱོང་བར་ཁྲིད་སྟོན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།