《2025ལོའི་ཀྲུང་གོའི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཀྱི་ལོ་བབ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ།
མཚོ་བོད་ས་མཐོའི་ས་ཆ་མང་ཆེ་བའི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ།
ཀྲུང་གོ་གནམ་གཤིས་ཅུས་ཀྱིས《2025ལོའི་ཀྲུང་གོའི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཀྱི་ལོ་བབ་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཏེ། རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཀྱི་གཞི་གྲངས་ཕྱོགས་བསྡུས་གསར་ཤོས་ལ་གཞིགས་ནས་2025ལོའི་རྒྱལ་ཡོངས་ཀྱི་རླུང་ནུས་དང་ཉི་ནུས་ཐོན་ཁུངས་ཀྱི་གནས་ཚུལ་དང་འདས་ཟིན་པའི་ལོ་10དང་ལོ་30ཡི་ཆ་སྙོམས་ཐོན་ཁུངས་འབོར་ཚད་ཀྱི་འགྱུར་ལྡོག་དང་བསྡུར་ནས་དབྱེ་ཞིབ་བྱས་ནས་ལོ་12བསྟུད་མར་སྤྱི་ཚོགས་ལ་ཕྱོགས་ནས་ཁྱབ་བསྒྲགས་བྱས་ཡོད།
སྤྱི་བསྒྲགས་ནང་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་རླུང་ནུས་ཐོན་ཁུངས་ཀྱི་ལོ་བབ་རྒྱུན་གཏན་ཡིན་ཞིང་། རྒྱལ་ཡོངས་ཀྱི་སྐམ་སའི་མཐོ་ཚད་སྨི་100ཡི་ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་ནི་སྐར་ཆ་རེར་སྨི་4.8ཙམ་ཡིན་པ་དང་། མཐོ་ཚད་སྨི་140ཡི་ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་ནི་སྐར་ཆ་རེར་སྨི་5.1ཙམ་ཡིན་པ། དེའི་ནང་ཧྭ་པེ་དང་། བྱང་ཤར་དང་ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། དེ་བཞིན་མཚོ་བོད་ས་མཐོའི་ས་ཆ་མང་ཆེ་བའི་ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་ནི་སྐར་ཆ་རེར་སྨི་6.0ལས་ཆེ་བ་དང་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པས་རླུང་ཤུགས་གློག་གཏོང་ལ་ཕན་ཐོགས་ཡོད། རྒྱལ་ཡོངས་ཀྱི་མཚོ་ཐོག་ཁུལ་ཁོངས་ཁག་གཅིག་གི་མཐོ་ཚད་སྨི་100ཡི་ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་ནི་སྐར་ཆ་རེར་སྨི་7.8ཙམ་ཡིན་པ་དང་། མཐོ་ཚད་སྨི་140ཡི་ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་ནི་སྐར་ཆ་རེར་སྨི་8.0ཙམ་ཡིན་པས་རླུང་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།
འབྲེལ་ཡོད་གསར་འགྱུར།