རང་རྒྱལ་གྱི་དུག་རྫས་གྱོད་གཞི་ཉུང་དུ་ཕྱིན་པ།
ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཉེ་བའི་ལོ་གསུམ་རིང་མི་དམངས་ཁྲིམས་ཁང་གིས་དུག་རྫས་ཉེས་གསོག་གསར་པར་ཁྲིམས་ལྟར་ཆད་གཅོད་བྱས་ཚུལ་སྐོར་ངོ་སྤྲོད་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རྡུང་རྡེག་ནན་པོ་དང་བཅོས་སྐྱོང་ནུས་ལྡན་འོག་རང་རྒྱལ་གྱི་དུག་རྫས་གྱོད་གཞི་ཐོན་ཚད་ཉུང་དུ་སོང་ཡོད་ཅིང་། 2025ལོར་རྒྱལ་ཡོངས་ཁྲིམས་ཁང་གི་འདྲི་གཅོད་དང་པོས་དུག་རྫས་གྱོད་གཞི་ཁག་23732ལ་ཞིབ་གཅོད་མཇུག་བསྒྲིལ་བ་དང་། 2015ལོའི་ཚུན་གྱི་ཆག་པའི་རྣམ་པ་རྒྱུན་མཐུད་བྱུང་བ་དེ་2015ལོའི་མཐོ་ཤོས་ཀྱི་དུས་སྐབས་ལས་82.93%ཆག་པ། 2024ལོ་ལས་33.82%ཆག་ནས་2000ལོའི་གོང་གི་ཆུ་ཚད་བར་ཆག་ཡོད།
འབྲེལ་ཡོད་གསར་འགྱུར།