ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་ཆེད་བསྐོས་ཕོ་ཉ་ལི་ཧོའེ་ཀྲུང་དང་མཇལ་འཛོམས་གནང་བ།

ཟླ་2ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱི་ཆེད་བསྐོས་ཕོ་ཉ་ཡིན་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ལི་ཧོའེ་ཀྲུང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱི་ཆེད་བསྐོས་ཕོ་ཉ་ཡིན་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ལི་ཧོའེ་ཀྲུང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱིས་ཕན་ཚུན་གྱི་ཆབ་སྲིད་གྲོས་རིམ་གལ་ཆེན་བརྡ་ཁྱབ་གཏོང་བའི་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི“བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི”དམིགས་བསལ་གྱི་མཛའ་གཅུགས་ཟབ་མོ་དང་ཚད་མཐོའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་མཚོན་ཡོད། ཡུན་རིང་མ་སོང་གོང་། ང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་ཞལ་པར་ནས་བཀའ་མོལ་བྱུང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྔར་བས་སྐུལ་འདེད་གཏོང་རྒྱུར་དམིགས་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་པས་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད། བློ་མཐུན་སུའུ་ལིན་གྱིས་གཙོ་བོ་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཝེ་ཐེ་ནམ་གྱི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པས་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དེས་འཛམ་གླིང་ལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གསལ་པོར་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་སྟངས་འཛིན་ནན་པོ་བྱས་ཏེ། “ཡིག་འབྲུ་བཅུ་དྲུག”གི་མཛད་ཕྱོགས་དང“ཡག་པོ་བཞིའི”དགོངས་དོན་རྒྱུན་འཁྱོངས་དང“དེ་བས་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་། མཐོ་རིམ་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་བ། རིམ་པ་ཁག་གི་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་མཐུན་པའི་ཕྱོགས་ལ་དོ་དམ་དང་ཚོད་འཛིན་ཡག་པོ་བཅས་བྱས་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་འདོད་ཡོད།
ལི་ཧོའེ་ཀྲུང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སླར་ཡང་སྤྲིངས་པའི་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་བརྒྱུད་སྤྲོད་གནང་བ་དང་འབྲེལ། ཞལ་ལན་བརྒྱུད་ཞུ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛད་བྲེལ་ཁྲོད་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པས་ཝེ་ཐེ་ནམ་གྱི་མི་རིགས་འཕེལ་རྒྱས་ཀྱི་སྲིད་ལོ་གསར་པ་གཏོད་འགོ་ཚུགས་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་དབར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་ལས་དོན་ཨང་དང་པོར་བརྩིས་ནས་སྔོན་ལ་འཛིན་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ནས་ཆབ་སྲིད་ཀྱི་རྨང་གཞི་དང་། དངོས་པོའི་རྨང་གཞི། དམངས་འདོད་ཀྱི་རྨང་གཞི་བཅས་སྔར་བས་སྲ་བརྟན་དུ་བཏང་སྟེ། ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་འཛོམས་ལ་ལྷན་དུ་ཕེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།