སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པ།
ད་ལོའི་ཐད་སྐྱོད་ཞིབ་བཤེར་ཕྱོགས་ཡོངས་ལ་ཁྱབ་པར་བྱ་རྒྱུ་ཡིན་པ།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས《2026ལོའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་འདོམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།
བརྡ་ཐོའི་ནང་། ཐད་སྐྱོད་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ཐད་སྐྱོད་ཞིབ་བཤེར་དང་། ཞིང་ཆེན་རིམ་པའི་ཐད་སྐྱོད་ཞིབ་བཤེར། གྲོང་ཁྱེར་རིམ་པའི་སྣོལ་སྦྲེལ་ཕན་ཚུན་ཞིབ་བཤེར་བཅས་ལ་སྤྱི་འདོམས་བྱས་ཏེ་ལོ་འཁོར་གྱི་ཐད་སྐྱོད་ཞིབ་བཤེར་དང་། ཆེད་དོན་ཐད་སྐྱོད་ཞིབ་བཤེར།“གསང་མིག་མཛུབ་བཙུགས་རྣམ་པའི”ཐད་སྐྱོད་ཞིབ་བཤེར་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་ཐད་སྐྱོད་ཞིབ་བཤེར་ཞིང་ཆེན་ཚང་མར་ཕྱོགས་ཡོངས་ནས་ཁྱབ་པ་དང་། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་། སྒྲུབ་གཉེར་སྒྲིག་གཞི། འགན་བཅོལ་ནང་ཞུགས་མཁན་མི་སྒེར། འགན་བཅོལ་ནང་ཞུགས་མཁན་ཚན་པ་སོགས་བྱེད་པོ་ཁག་ལ་ཁྱབ་པ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། ནད་ཆེན་འགན་བཅོལ་སོགས་འགན་བཅོལ་ཁག་ལ་ཁྱབ་པ་བཅས་བྱེད་པ་དང་། ལོ་འཁོར་གྱི་ཐད་སྐྱོད་ཞིབ་བཤེར་ཐད་སྨན་བཅོས་འགན་བཅོལ་ཐེབས་རྩ་འཁོར་རྒྱུག་གི་ཉེན་ཁ་ཆེ་བ་དང་། སྨན་ཁང་དུ་སྡོད་ཚད་མང་བ། སྨན་བཅོས་འགན་བཅོལ་གཏོང་སྤྲོད་བྱེད་ཚད་རྒྱུན་གཏན་མིན་པ། ཐད་སྐྱོད་ཞིབ་བཤེར་གྱི་གནད་དོན་བཅོས་སྒྲིག་ནུས་ལྡན་མ་བྱུང་བ་བཅས་ཀྱི་སྤྱི་འདོམས་ས་ཁུལ་ལ་གཙོ་གནད་ཐོག་དམིགས་པ་དང་། ཐེབས་རྩ་སྤྱོད་ཚད་མང་བ་དང་། ཐེར་འདོན་བྱེད་མང་བ། གཞི་གྲངས་ཆེན་པོས་དབྱེ་བཤེར་བྱེད་པའི་གནད་དོན་གྱི་ཁུངས་སྣེ་གཅིག་སྡུད་ཆེ་བའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་དམིགས་པ། རུས་ནད་ཚན་ཁག་དང་། སྐྲན་ནད་ཚན་ཁག བརྟག་དཔྱད་ཞིབ་བཤེར། མིག་ནད་ཚན་ཁག ཁ་ནད་ཚན་ཁག ཕྱི་ནད་ཚན་ཁག་དཀྱུས་མ། དབང་རྩའི་ཁོག་ནད་ཚན་ཁག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ཆེད་དོན་ཐད་སྐྱོད་ཞིབ་བཤེར་གྱི་གཙོ་གནད་དེ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་གནད་དོན་སོགས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྤྱོད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།