དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་ སྟོན་ལ་སླར་ཡང་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་སྐབས་བཅུ་པ་ཀྲང་དབྱི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་ཤིང་། ཀྲུང་གོ་མཁའ་དམག་བརྒྱད་གཅིག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གདན་ཞུས་ལྟར་འགྲེམས་སྟོན་ལ་ཞུགས་པ་དང་འབྲེལ་འཕུར་སྐྱོད་འཁྲབ་སྟོན་ཡང་བྱས་པ་རེད། དེ་ནི་འཁྲབ་སྟོན་རུ་ཁག་དེ་ཉིད་2020ལོའི་ཟླ་2པར་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་སྐབས་བདུན་པར་ཞུགས་རྗེས་སླར་ཡང་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམས་སྟོན་ལ་ཞུགས་པ་ཞིག་རེད།

    སྐབས་འདིའི་མཁའ་འགྲུལ་འགྲེམས་སྟོན་གྱི་འཕུར་སྐྱོད་འཁྲབ་སྟོན་དཔུང་ཁག་ནི་འཁྲབ་སྟོན་དཔུང་ཁག་8ལས་གྲུབ་ཅིང་། དེའི་ནང་ཀྲུང་གོ་དང་། སིང་ཀ་ཕོར། མ་ལེ་ཞི་ཡ། ཨོ་སི་ཁྲུ་ལི་ཡ། རྒྱ་གར། ཧིན་རྡུ་ཉི་ཞི་ཡ་བཅས་རྒྱལ་ཁབ་6གི་མཁའ་དམག་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་དང་། དེ་བཞིན་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་དང་མཁའ་ཐོག་འགྲུལ་སྐྱེལ་ཚོང་ལས་གནམ་གྲུ་བཟོ་སྐྲུན་ཁང་གཉིས་བཅས་ཚུད་ཡོད།

    ཀྲུང་གོ་ཚོང་སྤྱོད་གནམ་གྲུས་ད་ཐེངས་C919རྟགས་ཅན་གྱི་གནམ་གྲུ་རྐྱང་པའི་འཕུར་སྐྱོད་འཁྲབ་སྟོན་བཀོད་སྒྲིག་བྱས་ཤིང་། C919རྟགས་ཅན་གྱིས་2024ལོའི་ཟླ་2པར་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་ལ་འཕུར་སྐྱོད་འཁྲབ་སྟོན་བྱེད་མྱོང་ཡོད། སྐབས་འདིའི་མཁའ་འགྲུལ་འགྲེམས་སྟོན་གྱི་གཙོ་གཉེར་ཕྱོགས་ཀྱིས་C919རྟགས་ཅན་གྱི་བོངས་ཆུང་འགྲུལ་སྐྱེལ་གནམ་གྲུས་བར་སྣང་དུ་འཕུར་སྐྱོད་འགྲེམས་སྟོན་བྱས་པ་དེ་ཐོག་ནས་རབས་གསར་པའི་ཚོང་སྤྱོད་མཁའ་འགྲུལ་ཡོ་བྱད་ཡར་རྒྱས་མགྱོགས་པོ་བྱུང་བ་མཚོན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།