ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨེ་ཙེ་ཨོ་ཕི་ཡའི་རླུང་གློག་རྣམ་གྲངས་ནས་གློག་གཏོང་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨེ་ཙེ་ཨོ་ཕི་ཡའི་ཨ་དབྱི་ས་རླུང་གློག་རྣམ་གྲངས་དེ་ཟླ་1ཚེས་31ཉིན་རྒྱལ་ཁབ་དེའི་ཤར་རྒྱུད་ཀྱི་སོ་མ་ལི་ཀྲོའུ་རུ་གློག་གཏོང་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་དང་། ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ། སོ་མ་ལིའི་ཙུང་ཐུང་མཱ་ཧ་མའོ་ཏེ་སོགས་མཛད་སྒོར་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཨ་དབྱི་ས་རླུང་གློག་རྣམ་གྲངས་དེ་2017ལོར་སྐྲུན་་འགོ་ཚུགས་པ་དང་ཤར་ཕྱོགས་གློག་ཤུགས་དང་དོ་བདག་ཨེ་ཙེ་ཨོ་ཕི་ཡའི་གློག་ཤུགས་ཀུང་སིས་འགན་གཙང་གན་རྒྱར་མིང་རྟགས་བཀོད་པ་རེད། རྣམ་གྲངས་ཇུས་འགོད་བྱས་པའི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་120ཟིན་པ་དང་། འཕྲུལ་འཁོར་རྐྱང་པ་48དང་ཀྲའོ་ཝ་2.5ཡོད་པའི་རླུང་གློག་འཕྲུལ་ཚན་སྒྲིག་སྦྱོར་བྱས་ཡོད། མིག་སྔར་དུས་མཚམས་དང་པོའི་རླུང་གློག་འཕྲུལ་ཚན་32སྒྲིག་སྦྱོར་བྱས་ཟིན་པ་དང་སྦྲགས་དྲ་བ་སྦྲེལ་ནས་གློག་གཏོང་འགོ་ཚུགས་ཡོད།
འབྲེལ་ཡོད་གསར་འགྱུར།