དམངས་འདུན་བརྟག་དཔྱད་ལས་མངོན་པ་ལྟར་ན།
ཏེན་མག་བ་བཅུ་ཆ་དྲུག་གིས་ཨ་རི་འགྲན་ཟླར་བརྩི་བ།
ཤིན་ཧྭ་གསར་འགྱུར་ཁང་ཨའོ་སི་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཁོ་ཕེན་ཧ་ཀེན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་3ཉིན། ཏེན་མག་རླུང་འཕྲིན་ཀུང་སིས་ཁྱབ་བསྒྲགས་བྱས་པའི་དམངས་འདུན་བརྟག་དཔྱད་བྱས་འབྲས་ཤིག་ལས་མངོན་པ་ལྟར་ན། ཏེན་མག་གི་བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་དྲུག་ལྷག་ཙམ་གྱིས་ཨ་རི་ནི་འགྲན་ཟླ་ཡིན་པའི་ངོས་འཛིན་བྱེད་པ་དང་། བཅར་འདྲི་དང་ལེན་བྱེད་མཁན་17%གྱིས་ཨ་རི་ནི་མནའ་གྲོགས་སུ་བརྩི་གི་ཡོད་པ་རེད།
ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཕོ་བྲང་དཀར་པོར་སླར་ཡང་ལོག་ཚུན། ཀེ་ལིང་ལན་གླིང་ཕྲན་རག་པ་བྱེད་ཀྱི་ཡིན་ཞེས་ཡང་ཡང་ཤོད་པ་མ་ཟད། ཐ་ན་སྐབས་ཤིག་རིང“དྲག་ཤུགས་ལ་བརྟེན་ནས་གླིང་ཕྲན་རག་ཐབས་བྱ་རྒྱུ”ཡིན་ཞེས་བརྗོད། ཡོ་རོབ་ཀྱིས་དེའི་ཐད་ཚུར་སྣང་ལན་ཆ་ཆེན་པོ་བྱས་ནས་ཀེ་ལིང་ལན་གླིང་ཕྲན་གྱི་བདག་དབང་གཏོགས་ཁོངས་ལ་གྲོས་མོལ་བྱེད་མི་ཆོག་ཅེས་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།