དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཚན་རིག་དང་མཐུན་པའི་ལས་འགན་གལ་ཆེན་ཞིག་ཡིན།

    ལུའོ་ཅེ·ཁོ་ཨེན་པོ་ཀེ

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-06

    ལུའོ་ཅེ·ཁོ་ཨེན་པོ་ཀེ

    ཉིན་ཤས་གོང་། འཛམ་གླིང་གི་ཚན་རིག་མཁས་ཅན་རྩེར་སོན་མཐུན་ཚོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་འཛམ་གླིང་ཚན་རིག་མཁས་ཅན་རྩེར་སོན་གྱི་དབུ་ཚོགས་འཚོགས་པ་དང་། དེར་རྒྱལ་ཁབ་མང་པོ་ནས་ཡོང་བའི་ཚན་རིག་མཁས་ཅན་རྩེར་སོན་71དང་། སློབ་ཆེན་རྩེ་གྲའི་སློབ་སྤྱི་དང་སྨན་ཁང་རྩེ་གྲའི་ཡོན་ཀྲང་26 དེ་བཞིན་གཞོན་ནུ་ཚན་རིག་མཁས་ཅན་22བཅས་མཉམ་དུ་འཛོམས་ནས“རྨང་གཞིའི་ཚན་རིག མིའི་རིགས་ཀྱི་འབྱུང་འགྱུར་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གུ་ཡངས་ཐོག་ནས་གྲོས་མོལ་ཟབ་མོ་བྱས་ཡོད།

    དེང་གི་འཛམ་གླིང་ཐོག་རྒྱལ་ཁབ་གཙོ་བོའི་ཚན་རྩལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱིས་རྒྱལ་ཁབ་དེ་གར་ཤུགས་རྐྱེན་ཐེབས་པ་མ་ཟད། གོ་ལ་ཧྲིལ་པོར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་ཀྱི་གདམ་གར་ཉིན་རེ་ལས་མ་འདས་པར་གོ་ལ་ཧྲིལ་པོའི་ཚན་རིག་ལས་རིགས་ཀྱི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་སྦྲགས་ཀྲུང་གོས་འཐུས་སྒོ་ཚང་བའི་ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་། མཉམ་ལས་ཞིབ་འཇུག་དྲ་རྒྱ་བཅས་བསྐྲུན་ཟིན་པས། ཀྲུང་གོར་གོ་ལ་ཧྲིལ་པོའི་གལ་འགངས་ཆེ་ཞིང་ཡུན་རིང་རང་བཞིན་གྱི་ཚན་ཞིབ་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ལྡན་པ་མ་ཟད། དེ་དག་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་མང་པོར་ཁྱབ་ཡོད།

    ད་ལྟ་ནས་2050ལོའི་བར། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ལག་རྩལ་ངོ་མཚར་ཅན་དངོས་སུ་ཐོན་རྒྱུར་ང་ཚོར་ཡིད་ཆེས་ཡོད། དེང་རབས་ཚན་རིག་གི་ལས་འགན་ནི་འཕེལ་རིམ་འདིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ཡིན། ཚན་རིག་གི་ལས་འགན་ནི་འཛམ་གླིང་ལ་འགྲེལ་བཤད་རྒྱག་རྒྱུ་ཙམ་མ་ཡིན་པར་ཤེས་དཔལ་རིམ་པ་དེ་བས་མཐོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

    (རྩོམ་པ་པོ་ནི་2006ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཐོབ་མཁན་དང་འཛམ་གླིང་གི་་ཚན་རིག་མཁས་ཅན་རྩེར་སོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།