ཧྲན་ཏུང་གྲུ་ཁ་ཆིང་ཏའོ་གྲུ་ཁས་ལོ་གསར་པའི་ཟླ་བ་དང་པོར་རྒྱལ་སྤྱིའི་མཚོ་ལམ་གསར་པ་བཞི་བསྟུད་མར་བཏོད་པ།

ལོ་གསར་པ་ཤར་བ་དང་ཧྲན་ཏུང་གྲུ་ཁ་ཆིང་ཏའོ་གྲུ་ཁའི་མཚོ་ལམ་རྒྱ་སྐྱེད་ལ་ཚད་བརྒལ་གསར་པ་བྱུང་ཡོད། 2026ལོའི་ཟླ་བ་དང་པོར་ས་དབུས་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་གྱི་ཨོ་སི་ཁྲུ་ལི་ཡ་དང་ནེའུ་ཙི་ལན་བར་གྱི་མཚོ་ལམ་དང་། ཀྲུང་གོ་མཚོ་ཐོག་སྐྱེལ་འདྲེན་ཧུང་ཧའེ་རྒྱ་མཚོའི་མཚོ་ལམ། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་མཚོ་ལམ། ཀྲེང་ལི་མཚོ་ཐོག་སྐྱེལ་འདྲེན་ཨེ་ཤེ་ཡ་ཤར་ལྷོའི་མཚོ་ལམ་བཅས་ཁྱོན་དོས་སྒམ་མཚོ་ལམ་གསར་པ་4བདེ་བླག་ངང་ཤར་གཏོང་ཐུབ་ཡོད་པས། ཆིང་ཏའོ་གྲུ་ཁའི་ཕྱི་ཕྱོགས་ཚོང་དོན་མཚོ་ལམ་གྱི་བསྡོམས་འབོར་240ཙམ་བར་མང་དུ་ཕྱིན་པ་དང་། བྱང་ཕྱོགས་གྲུ་ཁའི་མཚོ་ལམ་གྱི་གྲངས་འབོར་མང་ཤོས་དང་འདུས་ཚད་ཆེ་ཤོས་ཀྱི་ལྟེ་བའི་ལེགས་ཆ་མུ་མཐུད་བརྟན་དུ་ཕྱིན་པ། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་180ལྷག་ཙམ་གྱི་གྲུ་ཁ་700ལྷག་ཙམ་དང་ཕན་ཚུན་འབྲེལ་མཐུད་ཐུབ་པ་བཅས་བྱུང་ནས། ཨེ་ཤེ་ཡ་བྱང་ཤར་གྱི་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ལྟེ་བའི་ཁྱབ་འགྱེད་ནུས་པ་དང་ཤུགས་རྐྱེན་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། འདི་ནི་ཟླ་2ཚེས་4ཉིན། ཧྲན་ཏུང་གྲུ་ཁ་ཆིང་ཏའོ་རང་འགུལ་ཅན་གྱི་གྲུ་ཁར་རང་འགུལ་རླངས་འཁོར་གྱིས་དངོས་ཟོག་དབོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།