དབྱི་རན་གྱིས་ཡེའུ་གར་པོ་ཕྱི་རྒྱལ་དུ་སྤོ་རྩིས་མེད་ཅེས་བརྗོད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ལེ་པ་ནོན་གྱི“ཐང་ཆེན”བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱིའི་ཆབ་སྲིད་བློ་འདྲི་བ་ཧྲ་མོ་ཧ་ཉི་ཡིས། དབྱི་རན་གྱིས་ཡེའུ་གར་པོ་ཕྱི་རྒྱལ་དུ་སྤོ་མི་སྲིད་ཅེས་བརྗོད་པ་མ་ཟད། དབྱི་རན་གྱི་ཉིང་རྡུལ་འཆར་གཞིའི་ཞི་བདེའི་ངོ་བོ་སླར་ཡང་ནན་བཤད་བྱས་པ་རེད།
ཧྲ་མོ་ཧ་ཉི་ཡིས། ལེ་པ་ནོན་གྱི“ཐང་ཆེན”བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། དབྱི་རན་གྱི་ཉིང་རྡུལ་འཆར་གཞི་ནི“ཞི་བདེ་ཡིན་པ་མ་ཟད། དེ་ཉིད་ནུས་པའི་ཁྱབ་ཁོངས་སུ་གནས་པ”དང“གལ་ཏེ་ཕྱི་ཕྱོགས་ཀྱིས་དེའི་ཐད་སེམས་ཁྲལ་བྱས་ཚེ། དབྱི་རན་གྱིས་ཡེའུ་གར་ཚད་60%ནས་20%བར་དམའ་རུ་གཏོང་ཆོག་མོད། འོན་ཀྱང་ང་ཚོར་ངེས་པར་དུ་ཐོབ་ཆ་སྤྲོད་དགོས”ཞེས་བརྗོད་པ་རེད། ཧྲ་མོ་ཧ་ཉི་ཡིས། རེས་སྐོར་གྲོས་མོལ་ཁྲོད་ཀྱི་དབྱི་རན་གྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་སྟེ། དབྱི་རན་གྱིས་ཉིང་རྡུལ་མཚོན་ཆ་དོན་གཉེར་བྱེད་མི་སྲིད་ཅིང་། ད་ལྟ་དོན་གཉེར་བྱེད་མི་སྲིད་ལ། འབྱུང་འགྱུར་ཡང་དོན་གཉེར་བྱེད་མི་སྲིད། ད་དུང་ཉིང་རྡུལ་མཚོན་ཆ་གསོག་ཉར་དེ་བས་བྱེད་མི་སྲིད། འོན་ཀྱང་ཕ་རོལ་པོས་ངེས་པར་དུ་དེའི་ཐད་དེ་མཚུངས་ཀྱི་ཐོབ་ཆ་སྤྲོད་དགོས་ལུགས་བརྗོད་ཡོད།
འབྲེལ་ཡོད་གསར་འགྱུར།