དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་ཀྱིས་ཚེ་གང་སྒོ་འཛིན་ལ་བརྟེན་ནས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་འཕེལ་རྒྱས་གཏོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-06

    འདི་ནི་འདབ་པའི་ཉི་སྟེང་གི་གནས་རི་སྤྱན་རས་གཟིགས་འདབས་ཀྱི་མཚེའུ་སྒྲོལ་མ་ལྷ་མཚོའི་མཛེས་ལྗོངས་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་2ཚེས་4ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར། ཀྲོའུ་དེས་ཟླ་1ཚེས་28ཉིན“ཀུན་དགའ་གསེར་བརྐོས་གཱ”(སྒོར་318)དང“ཀུན་དགའ་ཧའེ་ཐང་གཱ”(སྒོར་317)ཡི་ཚེ་གང་སྒོ་འཛིན་གཉིས་དྲ་ཐོག་ཏུ་བཏོན་པས་ཉིན་8ནང་དྲ་ཐོག་ལས་སྟེགས་ནས་སྒོ་འཛིན་ཁྲི་21.23དང་དྲ་ཕྱིའི་ཡུལ་སྐོར་ལས་དོན་ཁང་གིས་སྒོ་འཛིན་ཁྲི་51ཉོ་སྒྲུབ་བྱས་ཡོད་པ་པ་དེ་དཔྱིད་གསར་དུས་ཆེན་གོང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་ཚ་རླབས་སུ་གྱུར་ཡོད་པ་རེད།

    དཀར་མཛེས་ཀྲོའུ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་དཀར་མཛེས་ཀྲོའུ་ཡིས་A4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་14ཡི་སྒོར་ཆིག་སྟོང་ལྷག་ཙམ་རི་བའི་སྒོ་འཛིན་ལ་སྒོར་300ལྷག་ཙམ་གྱི་ཚེ་གང་ཁེ་དབང་སྡེབ་གཅིག་ལ་བསྡུ་སྒྲིལ་བྱས་ནས། “ཁེ་བཤུག”གཏོང་བ་དང་ཆབས་ཅིག“ཐེངས་གཅིག་ལ་དངུལ་སྤྲད་ན་ཚེ་གང་སྤྱོད་ཐུབ་པའི”འཛད་སྤྱོད་བྱེད་སྟངས་གསར་པར་གྱུར་ཡོད་ཅེས་བཤད།

    “‘མཛེས་ལྗོངས་ཁུལ་གྱི་ཚེ་གང་སྒོ་འཛིན’ཁྱབ་གདལ་བཏང་བ་དེས་ཕྱོགས་གཅིག་ནས་ཡུལ་སྐོར་བའི་སྒོ་འཛིན་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཕྱིན་ནས་མཛེས་ལྗོངས་ཁུལ་དེ་བས་མང་བར་སྣེ་ཁྲིད་ཐུབ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས‘སྒོ་འཛིན་དཔལ་འབྱོར’ལས་བསྒྲལ་ཏེ་མཛེས་ལྗོངས་ཁུལ་གྱིས་ཐོན་རྫས་དང་གཉེར་ཚོང་ལས་དོན་ཡག་པོ་བསྒྲུབས་ནས་དཀར་མཛེས་ཀྲོའུ་ཡི་ཐོན་ལས་གསུམ་པའི་རིམ་སྤོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཐུབ་པ་བྱ་རྒྱུ་ཡིན”ཞེས་ལིའུ་ཧུང་གིས་བཤད།

    ལྕགས་ཟམ་ཁར་གསར་བརྗེའི་རིག་གནས་ཡུལ་སྐོར་དེ་ཉམས་ལེན་རྣམ་པའི་འཛད་སྤྱོད་དང་མཉམ་འདྲེས་གཏིང་ཟབ་བྱེད་བཞིན་ཡོད། ལྕགས་ཟམ་ཁ་འགྲམ་གྱི་ཚོར་སྣང་མཉམ་འགུལ་ཉམས་ལེན་ཁང་ནང་ཡུལ་སྐོར་བ་ཆུང་ཆུང་ཧོང་ཅིན་རེན་གྱིས་ཆེད་སྤྱོད་སྒྲིག་ཆས་བཏགས་ནས་སྐར་མ་30ཡི་ནང་ཡུལ་དེར“ལྕགས་ཟམ་ཁ་ཚུར་ལེན་པའི”ཉེན་ཁའི་བརྒྱུད་རིམ་དངོས་སུ་མྱོང་ཚོར་བྱས་པ་རེད། “ང་ཚོས‘ལྕགས་ཟམ་ཁར་ཆུ་ཚོད་ཁ་ཤས་སྡོད་རིན་འདུག་གམ’ཞེས་པའི་གནད་དོན་དེར་ལན་འདེབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཉམས་ལེན་ཁང་གི་རྣམ་གྲངས་འགན་འཁུར་བ་ཀྲོའུ་ཐའོ་ཡིས་བཤད།

    ལྕགས་ཟམ་ཁ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧྲན་གྱིས“ཚེ་གང་སྒོ་འཛིན་ལམ་ལུགས་དང་ལེན་བྱས་རྗེས་ལྕགས་ཟམ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་བསུ་བའི་གྲ་སྒྲིག་ཡག་པོ་བྱེད་བཞིན་ཡོད། ཚེ་གང་སྒོ་འཛིན་ནི་ནུས་ཆེའི“ཁྲིད་སྟོན་འགག་སྒོ”ལྟ་བུ་ཡིན་པ་དང་། འཕེལ་རྒྱས་ཀྱི་ཁེ་སྤོགས་ངོ་མ་ནི་སླད་ཕྱིན་སྐོར་ཡུལ་སྐོར་བའི་མང་ཉུང་དང་ཉམས་ལེན་གཏིང་ཟབ་ལས་ཐོན་པའི་ས་ཁོངས་ཧྲིལ་པོའི་ཕྱོགས་བསྡུས་འཛད་སྤྱོད་ཅིག་རེད་ཅེས་བཤད།

    དཀར་མཛེས་ཀྲོའུ་རྒྱལ་ལམ་318ཀྱི་འགྲམ་དུ་གནས་པ་དང་། མྱུར་བགྲོད་གཞུང་ལམ་གྱིས་ལྕགས་ཟམ་ཁ་དང་དུང་དཀར་ལུང་ཤུར་སོགས་མཛེས་ལྗོངས་ཁུལ་དང་ཁྲེང་ཏུའུ་སོགས་ལྟེ་བའི་འགྲུལ་ཁུངས་སྦྲེལ་མཐུད་བྱས་པ་མ་ཟད། གེ་སར་གནམ་ཐང་དང་དར་རྩེ་མདོའི་གནམ་ཐང་གི་མཁའ་ལམ་མུ་མཐུད་སྦྲེལ་མཐུད་དམ་ཟབ་ཀྱང་བྱས་ཡོད། རང་རྒྱལ་གྱི་འཐུས་མཆན་མི་དགོས་པའི་སྲིད་ཇུས་མུ་མཐུད་ལྷུག་ཏུ་བཏང་བ་དང་བསྟུན་ནས། དཀར་མཛེས་ཀྱི་རིག་གནས་ཡུལ་སྐོར་གོ་ལ་ཧྲིལ་པོའི་འགྲུལ་ཚོགས་ལ་ཕྱོགས་ཡོད་པ་རེད།

    “ན་ནིང་དཀར་མཛེས་ཀྲོའུ་ཡི་མངའ་ཁོངས་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་26ཟིན་ཡོད། ང་ཚོས་ད་དུང་ལོ་ཙཱ་བ་གསོ་སྦྱོང་དང་ལམ་ཐིག་ཇུས་འགོད་སོགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། མངའ་ཁོངས་ཕྱིའི་ཡུལ་སྐོར་བས་དཀར་མཛེས་ཀྲོའུ་རུ་བཟའ་སྡོད་ཉོ་རོལ་བཅས་བྱེད་པར་དེ་བས་སྟབས་བདེ་ཡོང་བར་བྱ་རྒྱུ་ཡིན”ཞེས་ལིའུ་ཧུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།