དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་བཟོའི་ཁྱིམ་གཞིས་ལེགས་པར་བསྐྱངས། དོན་དངོས་བསྒྲུབས་ནས་དྲོ་སྐྱིད་སྦྱིན།

    རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་2025ལོའི་ལས་དོན་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-06

    2025ལོར་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། འགན་འཁྲི་འཁུར་སེམས་བརྟན་དུ་གཏོང་བ་དང་། དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། མིག་མཐོང་ལག་ཟིན་གྱི་བྱ་སྤྱོད་དང་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་ལས་བཟོ་དང་མང་ཚོགས་ལ་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་ལ་དེ་བས་འགན་ལེན་བཅས་ཐུབ་ཡོད།

    ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་དམིགས་པ་དང་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཐིང་དབར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ། ཁྲོན་བོད་ལྕགས་ལམ་སོགས་ལས་གྲྭ་གལ་ཆེན་ལ་དམིགས་ནས་སྣེ་ཁྲིད་རང་བཞིན་གྱི་ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་སྒྲིག་འཛུགས་བྱས་པར་མི་ཐེངས་ཁྲི་10.59ཞུགས་པའི་ཡིད་དབང་བཀུག་ཡོད། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་མོ་ལས་ལག་རྩལ་ལ་བརྩོན་ཞིབ་དང་རྩལ་ནུས་འགྲན་པའི་རྒྱ་ཆེའི་ལས་བཟོའི་སྤྲོ་སེམས་འཕེལ་ནས་ལག་རྩལ་རྐང་འཛིན་པ་ཁག་གཅིག་སྔར་བས་གསོ་སྐྱོང་ཐུབ་སྟེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་འགན་ལེན་ནུས་ལྡན་ཐུབ་ཡོད།

    2025ལོར་བོད་ཀྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་29དང་། རྒྱལ་ཡོངས་ཀྱི“ལས་བཟོ་ཡག་ཤོས”དང་རྒྱལ་ཁབ་ཆེན་པོའི་བཟོ་བོ་1འོས་སྦྱོར་དཔྱད་འདེམས་བྱས་པ་རེད། ལྗོངས་ཕྱིའི་ངལ་རྩོལ་དཔེ་བཟང་བཟོ་བོ་བོད་དུ་ཡོང་ནས་སྔོན་ཐོན་བྱས་རྗེས་མཉམ་སྤྱོད་བྱས་པས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་ས་མཐོར་དར་ཐུབ་ཡོད།

    མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་གསར་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ། མིག་སྔའི་བར། བོད་ཀྱིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་བཟོ་བོའི་གསར་གཏོད་ལས་དོན་ཁང་8དང་རང་སྐྱོང་ལྗོངས་རིམ་པའི་ལས་དོན་ཁང་42བཙུགས་ནས“ཆུང་གྲས་ལྔའི”ཕུལ་བྱུང་གསར་གཏོད་གྲུབ་འབྲས་92དཔྱད་འདེམས་བྱས་ཤིང་། རྒྱལ་ཁབ་ཆེན་པོའི་བཟོ་བོའི་གསར་གཏོད་སྤེལ་རེས་ཚོགས་ཆེན་སྐབས་གསུམ་པ་དང་རྒྱལ་ཁབ་ཆེན་པོའི་བཟོ་བོའི་གླེང་སྟེགས་ཐོག་བོད་ཀྱིས་གསར་གཏོད་གྲུབ་འབྲས་213འགྲེམས་སྟོན་བྱས་ནས་ས་མཐོའི་བཟོ་བོའི་གསར་གཏོད་ཀྱི་སྟོབས་ཤུགས་དང་དངོས་སྒྲུབ་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།

    ལས་བཟོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཟོ་ཚོགས་ཀྱི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་གི་ཚོད་ལྟའི་ཚན་པ་3བཙུགས་ནས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་བཟོ་ཚོགས་73%ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ལོ་ཧྲིལ་པོར་ངལ་རྩོལ་རྩོད་གཞི་205འདུམ་འགྲིག་བྱས་པ་དང་བཟོ་ཚོགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་གྱི“འཕྲིན་གཅིག་ཡིག་གཉིས”521བཀྲམ་པ་དང་“12351+” ཆེད་དོན་བྱ་སྤྱོད་དེ་ལས་བཟོའི་རེ་ཞུ་དང་ལེན་གང་མགྱོགས་བྱེད་པའི“མྱུར་ལམ”དུ་གྱུར་ནས། ལོ་ཧྲིལ་པོར་ཁ་པར་ནས་ངོ་བཅར་ཐེངས་6691བདག་སྤྲོད་བྱས་པར་ལན་སློག་ཚད་99.5%ཟིན་ནས་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་1401ལྷག་ཙམ་ཚུར་བླངས་པ་རེད།

    དཀའ་ངལ་ཡོད་པའི་ལས་བཟོ་དང་། ལས་ཞུགས་ཚོགས་སྤྱི་གསར་པ། ཞིང་པ་ལས་མི། ས་བབ་མཐོ་བ་དང་། མཐའ་མཚམས། གཞི་རིམ་གྱི་འཐབ་ས་དང་པོ་བཅས་ཀྱི་ལས་བཟོ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་ཧྲིལ་པོར་མི་ཐེངས་ཁྲི་10.15ལ་དྲོ་སྐྱིད་སྦྱིན་པའི་འཚམས་འདྲི་བྱས་ཡོད། རྒྱང་བསྟེན་སྨན་བཅོས་དང་། གཟུགས་པོ་བརྟག་དཔྱད་བྱེད་པའི་འཁྱེར་བདེའི་སྒྲིག་ཆས། “གཅེས་སེམས་ལག་རྟགས”སོགས་ཀྱི་བྱ་ཐབས་ཀྱིས་མི་ཐེངས་ཁྲི་6ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། རོགས་སྐྱོར་འཚམས་འདྲིའི་མ་དངུལ་སྒོར་ཁྲི་1482ལྷག་ཙམ་བཏང་ནས་དཀའ་ངལ་ཡོད་པའི་ལས་བཟོ་དང་ཁོང་ཚོའི་བུ་ཕྲུག་གི་འཚོ་བ་དང་། སྨན་བཅོས། སློབ་སྦྱོང་བཅས་ལ་རོགས་སྐྱོར་བྱས་ཡོད། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་53བསྟུད་མར་གཉེར་ནས་ལས་ཀ་འཚོལ་མཁན་ལ་ལས་གནས་9000ལྷག་ཙམ་མཁོ་འདོན་བྱས་ཡོད་ལ། བུད་མེད་ལས་བཟོར་ཁེ་དབང་སྲུང་སྐྱོང་དང་། བྱང་ཚད་མཐོ་རུ་གཏོང་བ། དམིགས་བསལ་གཅེས་སྐྱོང་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་ཐེངས་ཁྲི་6ལྷག་ཙམ་ལ་ཁྱབ་པར་བྱས་ཏེ། ཁོང་ཚོ་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་རམ་འདེགས་ནུས་ལྡན་བྱས་ཡོད།

    འགན་འཁྲི་དང་བརྩེ་སེམས་དེ་དག་འགག་རྩའི་དུས་སུ་ལས་བཟོ་མང་ཚོགས་ཀྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་སུ་གྱུར་ཡོད། མིག་སྔར། ལྗོངས་ཡོངས་སུ་བཟོ་ཚོགས་ཀྱི་ས་ཚིགས་535དང་ལས་བཟོའི་ཁྱིམ་གཞིས1014བསྐྲུན་པ་མ་ཟད། རྫོང་རིམ་པའི་སྐོར་སྐྱོད་རླངས་འཁོར་གྱི་ཞབས་ཞུའི་ས་ཚིགས་74གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་དེ། བདེ་འཇགས་ལ་ལྟ་ཞིབ་ཚད་ལེན་དང་། ཁེ་དབང་སྲུང་སྐྱོང་གི་ཞབས་ཞུ། འཚམས་འདྲི་དང་རོགས་སྐྱོབ། རྩོད་གཞི་འདུམ་འགྲིག མཐའ་མཚམས་སྐོར་སྲུང་སོགས་ཀྱི་བྱེད་སྒོ་ཐེངས་113སྤེལ་ནས་ཞབས་ཞུའི་ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ཏེ་ལས་བཟོ་མང་ཚོགས་ལ་སེམས་གཏིང་ནས་དྲོ་སྐྱིད་ཚོར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།