དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-06

    ཟླ་2ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།

    ཟླ་2ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས་དེ་རིང་ནི་ཀྲུང་གོའི་ལུགས་རྙིང་ལོའི་དཔྱིད་ཚུགས་དང་ཏག་ཏག་འཁེལ་བ་དེ་ཐོག་ནས་དཔྱིད་དཔལ་ས་གཞི་ཆེ་མོར་བཞད་པ་དང་ལས་རྣམ་ཀུན་གྱི་འགོ་གསར་པ་ཚུགས་པ་མཚོན་གྱི་ཡོད། ངས་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་དོན་སྙིང་ཟབ་པའི་ཉིན་མོ་འདིར་ཀྲུང་གོ་དང་ཨུ་རུ་སུའི་དབར་གྱི་འཆར་གཞི་གསར་པ་མཉམ་དུ་འགོད་འདོད་ཡོད་ཅེས་གསུངས་པ་རེད། ཕུའུ་ཅིང་གིས། དཔྱིད་འགོ་ཚུགས་ནས་སྐྱེ་དངོས་ཡོད་དོ་ཅོག་གསོན་ཤུགས་གསར་པ་རྒྱས་པས། ཨུ་ཀྲུང་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་གོང་འཕེལ་ཡོང་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་སྤྲོ་པོ་དང་། སྙིང་སྟོབས་རབ་འཕེལ། བསམ་དོན་ཡིད་བཞིན་གྲུབ་པའི་སྨོན་འདུན་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་། ངེད་གཉིས་ཞལ་འཛོམས་ཐེངས་གཉིས་བྱུང་ནས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པའི་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཏེ། ཕྱོགས་གཉིས་པོས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་གི་རྣམ་པ་བརྟན་པ་དང་། “ཀྲུང་ཨུའི་རིག་གནས་ལོ”ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་དང་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། མི་སྣ་འགྲོ་འོང་དེ་བས་ཟབ་ཏུ་ཕྱིན་པ། ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་དང་མོ་སི་ཁོའི་ཙུང་ལིའི་ཚོགས་འདུ་སྔ་རྗེས་སུ་གྲུབ་འབྲས་ཐོབ་པའི་ངང་གཙོ་གཉེར་བཅས་བྱས་ནས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་མུ་མཐུད་འབད་བརྩོན་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དེ་བས་ཧུར་ཐག་དང་རང་འགུལ་ངང་རྒྱ་ཆེར་བཏང་ནས་ཨུ་རུ་སུ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱ་རྒྱུ་ཡིན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་དང་། 《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ། “ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་ལོ་བཅས་ཡིན། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་། མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དེ་བས་གཏིང་ཟབ་པའི་འཐབ་ཇུས་མཉམ་ལས་དང་དེ་བས་དགེ་མཚན་ལྡན་པའི་རྒྱལ་ཁབ་ཆེན་པོའི་འགན་སེམས་ལ་བརྟེན་ནས། ཀྲུང་ཨུའི་འབྲེལ་བ་མུ་མཐུད་ཡང་དག་པའི་ལམ་བུ་བརྒྱུད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་གསར་པ་འགོ་ཚུགས་ཚུན་རྒྱལ་སྤྱིའི་དུས་བབ་དེ་བས་ཟང་ཟིང་ཆེ་ཙམ་ཡོད། འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲང་གཞག་དྲང་བདེན་བརྟན་སྲུང་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་ཚད་གཞིར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་ལ་ལག་གདང་སྦྲེལ་ནས་སྲུང་སྐྱོང་བྱེད་པ་བཅས་ཀྱི་འོས་འགན་ཡོད།

    ཕུའུ་ཅིང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་། ཨུ་ཀྲུང་གིས་ཐུན་མོང་ཐོག་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་པ་དང་། ཨུ་ཀྲུང་མི་དམངས་ཀྱིས་རང་སྲོག་བློས་གཏོང་ཤུགས་ཆེན་བྱས་ནས་ཐོབ་པའི་འཛམ་གླིང་ཞི་བདེ་མཐའ་གཅིག་ཏུ་སྲུང་སྐྱོང་དང་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོང་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དང་། ནུས་རྒྱུ། ཚན་རྩལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་ཕྱིན་པ་དང་། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། རིག་གནས་ལོར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ། ཕན་ཚུན་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འགྲོ་འོང་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ལོ་གསར་པར་རྒྱང་ལྟ་བྱས་ཚེ་ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་འབྲེལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱས་ནས། སློབ་གསོ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་འཐབ་ཇུས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ལས་དོན་ལ་དྲང་ནུས་འདོན་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོས་ཧྲེན་ཀྲེན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་འཚོག་པར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ་ཡིན།

    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་མཉམ་དུ་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

    ཝང་དབྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།