དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའུ་ཡིས་བརྗོད་དོན།

    ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་སླར་གསོའི་བྱ་གཞག་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་གལ་ཆེན་ཞིག་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-05

    ད་ལོའི་ཟླ་2ཚེས་2ཉིན་ནི་འཛམ་གླིང་གི་འདམ་རའི་ཉིན་མོ་ཐེངས་སུམ་ཅུ་པ་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“འདམ་ར་དང་སྲོལ་རྒྱུན་ཤེས་བྱ་སྟེ། རིག་གནས་ཤུལ་བཞག་ལ་གུས་འདུད་ཞུ”ཞེས་པ་ཡིན་པ་རེད། ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས། གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་སླར་གསོའི་བྱ་གཞག་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་གལ་ཆེན་ཞིག་ཡིན། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་ལེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད།

    གསར་འགོད་པས། ཀྲུང་གོའི་འདམ་རའི་རྒྱ་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་འདམ་རའི་སྲུང་སྐྱོང་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་ཚང་མས་མཐོང་གསལ་རེད། མགྲིན་ཚབ་པ་ཁྱེད་ལ་ད་དུང་དེ་ལས་རྒྱས་པའི་དཔྱད་གཏམ་སྤེལ་རྒྱུ་ཨེ་ཡོད་ཅེས་དྲིས་པར།

    “འདམ་ར་དང་། ནགས་ཚལ། རྒྱ་མཚོ་བཅས་ལ་སའི་གོ་ལའི་སྐྱེ་ཁམས་མ་ལག་ཆེན་པོ་གསུམ་ཞེས་འབོད་ཀྱི་ཡོད། དེ་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད” ལིན་ཅན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བཟུང་སྟེ། འདམ་ར་སྲུང་སྐྱོང་སླར་གསོར་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད། མིག་སྔར་ཀྲུང་གོའི་འདམ་རའི་རྒྱ་ཁྱོན་ཨེ་ཤེ་ཡའི་ཨང་དང་པོ་དང་འཛམ་གླིང་གི་ཨང་བཞི་པར་སླེབས་པ་དང་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་གྱི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད།

    ལིན་ཅན་གྱིས། 《འདམ་རའི་སྤྱི་ཆིངས》འཇོག་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འདམ་ར་སྲུང་སྐྱོང་སླར་གསོའི་བྱ་གཞག་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་གལ་ཆེན་ཞིག་ཡིན། ཀྲུང་གོས“རྒྱལ་སྤྱིའི་སྡོང་དམར་ནགས་ཚལ་ལྟེ་གནས”འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། འདོད་ཕྱོགས་ཁོངས་ཞུགས་རྒྱལ་ཁབ་20བར་མང་དུ་ཕྱིན་པ། ཨེ་ཤེ་ཡ་ཤར་ལྷོ་དང་ཨ་ཧྥེ་རི་ཁ་སོགས་ས་ཁོངས་སུ་སྡོང་དམར་ནགས་ཚལ་སྲུང་སྐྱོང་གི་ཤེས་བྱ་མཉམ་སྤྱོད་སོགས་ཀྱི་ཐད་རྒྱལ་སྤྱིའི་མཉམ་ལས་བྱས་པ། སྡོང་དམར་ནགས་ཚལ་སྲུང་སྐྱོང་སླར་གསོའི་རྒྱལ་སྤྱིའི་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་གཉེར་བ་བརྒྱུད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མི་སྣར་སྲིད་ཇུས་དང་། ལག་རྩལ། དོ་དམ་བཅས་ཀྱི་གསོ་སྦྱོང་མཁོ་འདོན་བྱས་ཡོད། ཀྲུང་གོར“སའི་གོ་ལའི་སྲུང་དམག་བྱ་དགའ”དང“འཛམ་གླིང་གི་སྐྱེ་དངོས་འཁོར་རྒྱ་སྲུང་སྐྱོང་ཁུལ”སོགས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་མཚན་སྙན་བསྟུད་མར་ཐོབ་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་ལེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།