དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2025ལོར་མཚོ་སྔོན་གྱིས་རིམ་རྩིས་བརྒྱབ་ན་ཉ་ཧོང་ཙུན་གྱི་ཉ་སྒོང་ཁྲི་943ནང་འདྲེན་བྱས་པ།

    ས་གནས་དེ་གའི་ཉ་སལ་མོན་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། ལུང་དབྱང་ཀྲི་ཤེན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་གསོ་སྤེལ་རྟེན་གཞིའི་རྫིང་བུའི་ནང་ལི་མདོག་གི་ཉ་ཧོང་ཙུན་གྱི་ཉ་སྒོང་མང་པོ་ཡོད། ཡོ་རོབ་གླིང་ནས་ཁྱེར་ཡོང་བའི་ཉ་སྒོང་དེ་དག་ལ་དུས་ཡུན་ཉིན་14ཡི་ལོགས་བཀར་རིམས་ནད་བརྟག་དཔྱད་བྱེད་བཞིན་ཡོད། ཟི་ལིང་འགག་སྒོའི་མི་སྣས་ཉ་ཧོང་ཙུན་ཚོད་ལྟ་ཁང་དུ་རིམས་ནད་ཞིབ་དཔྱད་ཚད་ལེན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་པ་ནི་ཕྱི་རྒྱལ་གྱི་ཉ་སྒོང་ཀྲུང་གོའི་ཁྲོམ་རར་མ་འཛུལ་གོང་སྒྲུབ་དགོས་ངེས་ཀྱི་གོ་རིམ་ཞིག་རེད།

    2025ལོར་མཚོ་སྔོན་གྱིས་རིམ་རྩིས་བརྒྱབ་ན། སི་ཕེན་དང་། ཏེན་མག ཕོ་ལན་སོགས་རྒྱལ་ཁབ་ནས་ཉ་ཧོང་ཙུན་ཉ་སྒོང་ཁྲི་943ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་ལྡབ་1.7འཕར་ཡོད། ཉ་སྒོང་དེ་དག་ལུང་དབྱང་འགག་ཏུ་བདེ་བླག་ངང་བསྙལ་ནས་འཚར་ལོངས་བྱུང་སྟེ་ས་གནས་དེ་གའི་ཆུའི་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་སྣེ་ཁྲིད་ཐུབ་ཡོད། 2025ལོར་ཞིང་ཆེན་ཡོངས་ཀྱི་གྲང་ཆུའི་ཉ་སལ་མོན་དང་དེའི་ཐོན་རྫས་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་4.6ཟིན་ནས་44.9%འཕར་བའི་ནང་འཁྱགས་གཏོང་ཉ་ཧོང་ཙུན་ཕྱིར་གཏོང་རིན་ཐང་གིས་རྒྱལ་ཡོངས་ཀྱི་རིགས་མཚུངས་ཐོན་རྫས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་98.5%བཟུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།