དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ཏེ།

    བསྡུས་འགོ་འཛུགས་སའི་ཚད་གཞི་སོགས་གནས་ཐང་འཕར་ཁྲལ་བསྡུ་ལེན་དོ་དམ་གྱི་དོན་ཚན་ཁ་གསལ་བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-05

    ཟླ་2ཚེས་1ཉིན་གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《བསྡུས་འགོ་འཛུགས་སའི་ཚད་གཞི་སོགས་གནས་ཐང་འཕར་ཁྲལ་བསྡུ་ལེན་དོ་དམ་སྐོར་གྱི་སྤྱི་བསྒྲགས》 སྤེལ་ཏེ། བསྡུས་འགོ་འཛུགས་སའི་ཚད་གཞི་གཏན་འཁེལ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྤྱོད་པ་སོགས་གནས་ཐང་འཕར་ཁྲལ་བསྡུ་ལེན་དོ་དམ་གྱི་དོན་ཚན་སྔར་བས་ཁ་གསལ་བཟོ་བ་དང་བཀོལ་སྤྱོད་ཀྱི་བླང་བྱ་ཞིབ་ཏུ་བཏང་སྟེ། གནས་ཐང་འཕར་ཁྲལ་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད།

    སྤྱི་བསྒྲགས་ནང་རང་བྱུང་མིའི་གནས་ཐང་འཕར་ཁྲལ་བསྡུས་འགོ་འཛུགས་སའི་ཚད་གཞི་གཏན་འཁེལ་གྱི་ཞིབ་སྲོལ་སྔར་བས་ལེགས་སུ་བཏང་ཡོད་ཅིང་། ད་ལོ་ནས་བཟུང་། ཐེངས་གྲངས་ལྟར་ཁྲལ་འཇལ་བའི་བསྡུས་འགོ་འཛུགས་སའི་ཚད་གཞི་དེ་ཐེངས་རེར(ཉིན་རེར)ཕྱིར་འཚོང་དངུལ་འབོར་སྒོར་500ནས་སྒོར་1000བར་མཐོ་རུ་བཏང་ཡོད། སྤྱི་བསྒྲགས་ནང་རང་བྱུང་མིར་གཏན་འཇགས་རྒྱུ་ནོར་བོགས་གཏོང་དང“ལྡོག་ཕྱོགས་ནས་སྤ་སེ་འབྲི་བ”བརྒྱུད་བེད་མེད་ཐོན་རྫས་ཕྱིར་འཚོང་བྱེད་པ་སོགས་དམིགས་བསལ་གྱི་གནས་ཚུལ་6ཐོན་ཚེ། ཐེངས་གྲངས་ལྟར་དཔྱ་ཁྲལ་སྒོར་1000འཇལ་བའི་བསྡུས་འགོ་འཛུགས་སའི་ཚད་གཞི་མི་སྤྱོད་པར་དུས་བཀག་གི་ཁྲལ་འཇལ་ལ་གཞིགས་ནས་ཟླ་རེར་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་10ཟིན་པའི་བསྡུས་འགོ་འཛུགས་སའི་ཚད་གཞི་ཐད་ཀར་སྤྱོད་དགོས་པ་ཁ་གསལ་བཟོས་ཡོད།

    རང་བྱུང་མིས་ཁྲལ་འཇལ་རེ་ཞུ་བྱེད་པར་སྟབས་བདེ་བསྐྲུན་ཆེད། སྤྱི་བསྒྲགས་ནང་རང་བྱུང་མིར་ཁྲལ་འཇལ་ཉོ་ཚོང་བྱུང་ནས་བསྡུས་འགོ་འཛུགས་སར་སླེབས་ཚེ། ཁྲལ་དོན་ལས་ཁུངས་ལ་སྤ་སེ་ཚབ་སྤྲོད་ཀྱི་རེ་ཞུ་བྱེད་པའམ་ཡང་ན་འཐེན་འཇལ་འོས་འགན་འཁུར་མིས་ཚབ་འཐེན་ཚབ་འཇལ་བྱེད་པ་གང་ཡིན་རུང་ཚང་མ་ཁྲལ་འཇལ་རེ་ཞུ་བྱས་པར་བརྩི་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད།

    སྤྱི་བསྒྲགས་ནང་ད་དུང་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྟབས་བསྟུན་གྱིས་ལོངས་སུ་སྤྱོད་རྒྱུ་ཁ་གསལ་བཟོས་ཡོད། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་ཁྲལ་འཇལ་ཉོ་ཚོང་བྱུང་ཡང་ཕྱིར་འཚོང་དངུལ་འབོར་བསྡུས་འགོ་འཛུགས་སའི་ཚད་གཞིར་སླེབས་མེད་ཚེ། ཁྲལ་འཇལ་ཉོ་ཚོང་ཚང་མའམ་ཡང་ན་ཆ་ཤས་བདམས་ནས་ཁྲལ་འཇལ་མི་དགོས་པ་མ་ཟད། གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་སྤ་སེ་ཡང་འབྲི་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།