ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དྲ་རྒྱའི་ལག་རྩལ་སྟོབས་ཤུགས་ལ་སྤྱི་འདོམས་བྱས་པ།
མཐིལ་རྟོགས་ལྟ་འདོམས་ལ་བརྟེན་ནས་ཐད་གཏོང་དྲ་ཚོང་གི་ཚུལ་མིན་སྣང་ཚུལ་ལ་བཅོས་སྒྲིག་གནད་སྨིན་བྱས་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཐད་གཏོང་དྲ་ཚོང་ལྟ་འདོམས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཐད་གཏོང་དྲ་ཚོང་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་ལྔ་པ་ཁྱབ་བསྒྲགས་བྱས་ཏེ། ལྟ་འདོམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོ་བཏང་བ་རེད།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་སིའི་འབྲེལ་ཡོད་འགན་འཁུར་བས། ཐད་གཏོང་དྲ་ཚོང་ལ་ཞུགས་མཁན་བྱེད་པོའི་བཅའ་ཁྲིམས་གྱི་འབྲེལ་བ་རྙོག་འཛིང་ཆེ་བའི་ཁྱད་ཆོས་ལ་དམིགས་ནས། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་དྲ་རྒྱའི་ལྟ་འདོམས་ལག་རྩལ་གྱི་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ། མཐིལ་རྟོགས་ལྟ་འདོམས་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། “མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པའི”ནུས་པ་ཆེ་རུ་བཏང་སྟེ་བཅོས་སྒྲིག་གནད་སྨིན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་སྟེ།
གཅིག་ནས་ཐད་གཏོང་དྲ་ཚོང་གི་བྱེད་པོའི་མཛོད་འཐུས་སྒོ་ཚང་དུ་གཏོང་བ། 《ལས་སྟེགས་ཐོག་གཉེར་སྐྱོང་བྱེད་མཁན་གྱི་ཐོབ་ཐང་ཆ་འཕྲིན་གྱི་གྲངས་གཞི་འབུལ་ཞུ་ཚད་ལྡན་བཟོ་བ》སོགས་ཞིབ་འཇུག་བྱས་ནས་བཟོས་ཐོག ཐད་གཏོང་གཉེར་སྐྱོང་བྱེད་མཁན་གཙོ་གནད་དུ་བཟུང་ནས་འབྲེལ་ཡོད་བྱེད་པོའི་ཆ་འཕྲིན་ཁོང་དུ་ཆུད་པར་བྱེད་པ་དང་། ལས་སྟེགས་ཀྱི་གྲངས་གཞི་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ལྟ་འདོམས་གནད་སྨིན་བྱེད་པར་གྲངས་གཞིའི་འདེགས་སྐྱོར་བྱ་རྒྱུ་དང་།
གཉིས་ནས་ཚོང་ཟོག་ལ་ཨང་རྟགས་སྤྲད་ནས་ཞིབ་བཤེར་ཚོད་ལྟ་ཁྱབ་སྤེལ་གཏོང་བ། ཐད་གཏོང་ནས་བཙོངས་པའི་ཚོང་ཟོག་གལ་ཆེན་ལ་ཨང་རྟགས་སྤྲད་ནས་ཞིབ་བཤེར་ཚོད་ལྟ་བྱས་ཏེ། “ལས་སྟེགས་ཀྱིས་ཨང་རྟགས་སྟོན་པ་དང་། འཛད་སྤྱོད་པས་ཨང་རྟགས་བཤེར་བ། ལྟ་འདོམས་སྡེ་ཚན་གྱིས་ཨང་རྟགས་སྤྱོད་པའི”ཕུགས་འདེད་ལྟ་འདོམས་བྱེད་སྟངས་བཙུགས་ཏེ། ལས་སྟེགས་ཀྱི་ཞིབ་བཤེར་འགན་འཁྲི་དང་ཐོན་སྐྱེད་ཁེ་ལས་ཀྱི་སྤུས་ཚད་བྱེད་པོའི་འགན་འཁྲི་ནན་དུ་གཏོང་རྒྱུ།
གསུམ་ནས་ཐད་གཏོང་དྲ་ཚོང་གི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཐད་གཏོང་དྲ་ཚོང་གི་ལྟ་ཞིབ་ཚད་ལེན་ལས་སྟེགས་ལ་བརྟེན་ནས་ཉེན་ཆེའི་ཐད་གཏོང་བྱེད་སྒོར་སྣོལ་སྡེབ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་བཀོད་སྒྲིག་བྱེད་པ་དང་། ལས་སྟེགས་ལ་དཔལ་འབྱོར་ཡག་པའི་ས་ཁུལ་གྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཐད་གཏོང་དྲ་ཚོང་ལ་མཐིལ་རྟོགས་ལྟ་འདོམས་ཚོད་ལྟ་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ། མ་ལག་འདུས་གྲུབ་དང་མཐུན་སྦྱོར་ནུས་ཆེའི་མཐིལ་རྟོགས་ལྟ་འདོམས་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།