ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་འཛུགས་སྐྲུན་ལ་འགག་རྩའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ།

འདི་ནི་ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་ཤིས་ཀུའུ་ཕུག་ལམ་གྱི་གསེག་ཁྲོན་ཨང་4པ་ཡིན་པ།
ཉིན་1500ལྷག་ཙམ་འགག་སྒྲོལ་བྱས་པ་བརྒྱུད། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི(ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་བར་ཡིན་པ)འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་ཤིས་ཀུའུ་ཕུག་ལམ་གྱི་ཨར་ལས་ལ་ཚད་བརྒལ་ཆེན་པོ་བྱུང་ཡོད། ཟླ་1ཚེས་27ཉིན་ཀྲུང་གོ་ལྕགས་ལམ་ཅུས་བདུན་པས་སྐྲུན་འགན་འཁུར་བའི་ཤིས་ཀུའུ་ཕུག་ལམ་གྱི་འཛུལ་སྒོ་ནས་གསེག་ཁྲོན་ཨང་4པའི་བར་ཏལ་འབིགས་ཐུབ་པ་དེ་ལས་རྣམ་གྲངས་དེའི་འཛུགས་སྐྲུན་ལ་འགག་རྩའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།