དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་གིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་འགན་སྒྲུབ་འགན་འདེད་མི་གཏོང་རྒྱུའི་ལམ་སྲོལ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-05

     ཉེ་ཆར། ལེའོ་ཉིང་ཞིང་ཆེན་ཚན་རྩལ་ཐིང་སོགས་སྡེ་ཚན་གྱིས《ལེའོ་ཉིང་ཞིང་ཆེན་གྱིས་ལས་ཐོག་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》དང《ལེའོ་ཉིང་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་གསར་གཏོད་ཁོར་ཡུག་ཡག་པོ་བཏོད་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་དོན་ཚན་བཅོ་ལྔ》པར་འགྲེམས་བྱས་ཏེ། གྲུབ་འབྲས་གཞན་སྒྱུར་གྱི་འགན་སྒྲུབ་འགན་འདེད་མི་གཏོང་རྒྱུའི་ལམ་སྲོལ་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་ལ་གཏན་འབེབས་ཁ་གསལ་བྱས་ཡོད། ཚན་རིག་ཞིབ་འཇུག་མི་སྣ་དང་ཚན་རིག་ཞིབ་འཇུག་སྡེ་ཚན་གྱི་དོ་དམ་པས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་རིང་འབྲེལ་ཡོད་གོ་རིམ་ལག་ལེན་ནན་པོ་བསྟར་བ་དང་། སྒེར་ཕན་དོན་གཉེར་མ་བྱས་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་མྱོང་མེད་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག འབྲེལ་ཡོད་རྣམ་གྲངས་ལ་སྔོན་དཔག་བྱེད་ཐབས་བྲལ་བའི་ལག་རྩལ་ལམ་ཕྱོགས་ཀྱི་ཉེན་ཁ་དང་ཁྲོམ་རའི་འགྱུར་ལྡོག་སོགས་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་དབང་གིས་སྔོན་དཔག་དམིགས་ཚད་དུ་མ་སླེབས་པ་དང་ཐ་ན་ཕམ་ཉེས་བྱུང་བའི་རིགས། ངོས་འཛིན་གཏན་འཁེལ་བྱས་རྗེས་གཏན་འབེབས་གཞིར་བཟུང་འགན་སྒྲུབ་འགན་འདེད་མ་བཏང་ནའང་ཆོག

    ལེའོ་ཉིང་གིས་འགན་སྒྲུབ་འགན་འདེད་མི་གཏོང་རྒྱུའི་ལམ་སྲོལ་དེ་གྲུབ་འབྲས་གཞན་སྒྱུར་གྱི་ཡོང་འབབ་བགོ་བཤའ་དང་། ལས་ཀའི་གོ་མིང་དཔྱད་འདེམས། གྲུབ་འབྲས་དཔྱད་ཞིབ། ཕུལ་བྱུང་སྔོན་ཐོན་དཔྱད་འདེམས་སོགས་ཀྱི་སྐུལ་ལྕག་སྲིད་ཇུས་དང་སྦྲེལ་མཐུད་བྱས་ཏེ། ཚན་རིག་ཞིབ་འཇུག་མི་སྣར་གཞན་སྒྱུར་ཕམ་ཉེས་བྱུང་སྐབས་སྲུང་སྐྱོང་ཐོབ་པར་བྱ་རྒྱུ་མ་ཟད། གཞན་སྒྱུར་ལེགས་གྲུབ་བྱུང་སྐབས་ཀྱང་ཐོབ་སྐལ་ཐོབ་པ་ཡང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།