དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོར་བོད་ཀྱི་ཚོང་དོན་ལས་དོན་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-05

    ཉེ་ཆར། གསར་འགོད་པར་2026ལོའི་ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར། ལྗོངས་ཡོངས་ཀྱི་ཚོང་དོན་ལས་དོན་ལས་བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་ལེགས་གཉེར་གྱི་རྣམ་པ་བཟང་པོ་མངོན་པ་དང་། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་བསྟུད་མར་འཕེལ་ཏེ། འཛད་སྤྱོད་ཆེར་སྤེལ་དང་། ཕུད་འགྲེམས་དཔལ་འབྱོར་དང་མཚན་ཁྲོམ་དཔལ་འབྱོར་སྐྱེད་སྲིང་གི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་གནད་སྨིན་བྱུང་ཞིང་། ཁྱིམ་སྤྱོད་ཐོན་རྫས་སྣ་ཁ་22འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁོངས་སུ་བཅུག་པར་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་27.2ཟིན་པ་དང་། འཛད་སྤྱོད་སྐུལ་སྤེལ་གྱི་བྱེད་སྒོ་སྣ་ཚོགས་ཐེངས་460གཉེར་བར་འཛད་སྤྱོད་སྐུལ་སྤེལ་མ་དངུལ་སྒོར་དུང་ཕྱུར་8.25སྤྲད་པ་དང་།ཝང་ཧྥུའུ་ཅིང་དང་། ཧའེ་ཏི་ལའོ་སོགས་སྤུས་རྟགས་གྲགས་ཅན་གྱི་ཚོང་ཁང་ཐོག་མ་ལྷ་སར་སྔ་རྗེས་སུ་བཙུགས་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་322གསར་དུ་འཕར་ནས་ལྗོངས་ཡོངས་སུ་བཅད་གྲངས་ཡན་གྱི་ཁེ་ལས་སྟོང་ལྷག་ཙམ་ཟིན་ནས་འཛད་སྤྱོད་འཕར་བར་འདེགས་སྐྱོར་བརྟན་པོ་ཐུབ་ཡོད།

    2025ལོར། ལྗོངས་ཡོངས་ཀྱི་འཁོར་རྒྱུག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ནས་ཕྱི་ཕྱོགས་ཚོང་དོན་སྤུས་འབྲས་ལེགས་གཉེར་བྱུང་སྟེ། སྒོ་མོ་འབྱེད་པའི་ཆུ་ཚད་བརྟན་པོའི་ངང་འཕར་བ་དང་འགག་སྒོའི་བྱེད་ནུས་སྔར་བས་འཐུས་སྒོ་ཚང་དུ་སོང་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་ལྷ་རྩེ་རྫོང་དང་། ནག་ཆུ་གྲོང་ཁྱེར་གྱི་གསེར་རྙེད་ཆུས་ལ་ས་ཁོངས་སྒྲོལ་བའི་གྲང་ཕྲེང་བསྡུ་འགྲེམས་ལྟེ་གནས་2བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་འཁོར་རྒྱུག་གི“བགྲོད་ལམ་ཆེན་པོ”བཤངས་པ་དང་། “ཤར་ཕྱོགས་ཀྱི་ལེགས་འདེམས། བོད་ལྗོངས་བྱ་སྤྱོད”སོགས་ཆེད་དོན་ཐད་འཚོང་གིས་སྐུལ་སྤེལ་བྱས་པའི་དྲ་ཐོག་སིལ་འཚོང་གི་དངུལ་འབོར་སྒོར་དུང་ཕྱུར་349.3ཟིན་པ་དང་། ཤང་དང་གྲོང་རྡལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དང་། མཁོ་འཚོང་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་ཚོང་དོན་ཞབས་ཞུའི་དྲ་བ་ཚགས་དམ་དུ་བཏང་ཡོད། ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་སུ་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་གཏོད་ཆེད། ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དང་། ཕྱི་རྒྱལ་གྱི་མཛོད་ཁང་2བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས“དཔེ་གསར་གསུམ”གྱི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་3.05ཟིན་པར་སྐུལ་ཁྲིད་བྱས་པ་དང་། ཨེ་ཤེ་ཡ་ལྷོ་མའི་དུས་གཏན་མེ་འཁོར་ཐེངས་25བཏང་བར་ཟོག་ཐང་སྒོར་དུང་ཕྱུར་3.09ཟིན་ཡོད། ལེགས་རྩེ་མཐའ་མཚམས་མང་ཚོགས་ཀྱི་ཕན་ཚུན་ཉོ་ཚོང་ཁྲོམ་རའི་ཚོང་དོན་ཁུལ་གསར་བཙུགས་ནས་གཉེར་སྐྱོང་བྱས་པ་ལས་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་ས་ཚིགས14ལ་རིམ་རྩིས་བརྒྱབ་ན་ཚོང་འགྲིག་ཚད་དངུལ་འབོར་སྒོར་དུང་ཕྱུར་2ཙམ་དང་། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ཡོད། དེ་དང་ཆབས་ཅིག མཐའ་མཚམས་ཀྱི་བྱེད་ནུས་ཟམ་མི་ཆད་པར་རིམ་སྤོར་བྱུང་ནས་སྐྱིད་གྲོང་འགག་སྒོའི་ཁྲལ་རྩ་ཆག་ཚོང་ཁང་གཉེར་རྒྱུར་ཆོག་མཆན་ཐོབ་པ་དང་། མངའ་ཁོངས་སྒྲོལ་བའི་ཤིང་འབྲས་ལྟ་འདོམས་བྱ་ཡུལ་རྩིས་ལེན་ཆོག་མཆན་ཐོབ་ནས་ཞིང་ཞོར་ཐོན་རྫས་འགག་སྒོ་ནས“སྙན་ཞུ་ཕུལ་རིམ་བཞིན་གཏོང་ཐུབ་པ”བྱུང་སྟེ། ལོ་ཧྲིལ་པོར་འགག་སྒོ་ནས་དངོས་ཟོག་དབོར་ཚད་ཏུན་ཁྲི་19.14དང་ཟོག་ཐང་སྒོར་དུང་ཕྱུར་64.2ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།