དགུན་གསེང་འཚོ་བ་ཕུན་སུམ་ཚོགས། བྱིས་པའི་དགའ་མོས་སྐྱེད་སྲིང་བྱེད།

འདི་ནི་དབང་སྐྱོན་བྱིས་པ་རྣམས་ལྷ་ས་གྲོང་ཁྱེར་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱན་ཤོག་སྤྱི་གླིང་དུ“ཉི་འོད་དབང་སྐྱོན་བྱིས་པའི་སྤྱི་ཕན་དགའ་མོས་འཛིན་གྲྭའི”ལུས་སྦྱོང་སློབ་ཚན་ནང་ཞུགས་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱན་ཤོག་སྤྱི་གླིང་དུ“ཉི་འོད་དབང་སྐྱོན་བྱིས་པའི་སྤྱི་ཕན་དགའ་མོས་འཛིན་གྲྭའི”དགེ་རྒན་ཐུབ་བསྟན་སྐལ་བཟང་གིས་ལུས་སྦྱོང་སློབ་ཚན་གྱི་བར་གསེང་དུ་དབང་སྐྱོན་བྱིས་པ་ཞིག་དང་མཉམ་འགུལ་བྱེད་བཞིན་པ།
ཉེ་ཆར། “ཉི་འོད་དབང་སྐྱོན་བྱིས་པའི་སྤྱི་ཕན་དགའ་མོས་འཛིན་གྲྭ”ཐོག་མ་ལྷ་སར་གཉེར་འགོ་ཚུགས་ཤིང་། དགའ་མོས་འཛིན་གྲྭ་དེ་2026ལོའི་དགུན་གསེང་རིང་དུས་ཐེངས་གཉིས་སུ་ཕྱེ་ནས་གཉེར་བཞིན་ཡོད་པ་རེད། འཛིན་གྲྭ་དེར་ལུས་སྦྱོང་དང་། ཡིག་གཟུགས། མཛེས་རྩལ་སོགས་སློབ་ཚན་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་དབང་སྐྱོན་བྱིས་པའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྲུ་གུ་ཚོས་གཟུགས་པོར་སྦྱོང་བརྡར་བྱེད་ཞོར་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། དགའ་ཕྱོགས་སྐྱེད་སྲིང་བཅས་བྱ་ཆེད་རེད།
འབྲེལ་ཡོད་གསར་འགྱུར།