“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤུས་ཚད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་འགྲན་ནུས་ཀྱི་སྟོན་གྲངས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤུས་ཚད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། སྤུས་ཚད་ལས་དོན་ཀྱི་ལམ་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གཞི་ཆེའི་སྲིད་ཇུས་ཀྱི་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་ཐེངས་དང་པོར་བཀྲམ་པའི་དུས་ཡུན་རིང་འབྲིང་གི་སྤུས་ཚད་ལས་དོན་གྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་སྟེ། 《སྤུས་ཚད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྩ་གནད》 ཀྱིས་སྤུས་ཚད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་ཕྱོགས་ཡོངས་ཀྱི་བྱ་སྤྱོད་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྤུས་ཚད་སྟོབས་ཆེན་ཁེ་ལས་དང་། འཁོར་འབྲེལ། རྫོང་བཅས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ། ཁག་དང་པོར་ཁེ་ལས་34བདམས་ནས་སྤུས་ཚད་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་སྣེ་ཁྲིད་ཁེ་ལས་སྐྱེད་སྲིང་མཛོད་ནང་བཅུག་པ་དང་། སྤུས་ཚད་སྟོབས་ཆེན་འཁོར་འབྲེལ་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཆེན་པོ་བཅུ་ལ་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་1500ཡིས་སྤུས་ཚད་སྟོབས་ཆེན་རྫོང་གི་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་བཏང་བ། གྲོང་ཁྱེར་169རུ་སྤུས་ཚད་ཁྱད་ལྡན་ལག་ལེན་བྱེད་སྒོ་སྤེལ་བ། ཚད་འཇལ་ཞབས་ཞུའི“ཁེ་ལས་འབྲིང་ཆུང་དུ་སྐྱོད་པའི”བྱེད་སྒོ་རྒྱུན་མཐུད་སྤེལ་བ་བཅས་བྱས་ནས། ཁེ་ལས་འབྲིང་ཆུང་ཁྲི་12ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད། བཟོ་སྐྲུན་ལས་རིགས་ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་ལོན་ཚད་93%ཡན་རྒྱུན་འཁྱོངས་ཐུབ་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་འགྲན་ནུས་ཀྱི་སྟོན་གྲངས་85.86བར་བརྟན་པོའི་ངང་འཕར་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། རྒྱལ་ཡོངས་ཀྱི་འཚོ་བའི་རང་བཞིན་གྱི་ཞབས་ཞུ་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་ཀྱི་བློ་ཡིད་ཚིམ་ཚད་81.33དང་81.62བར་སོ་སོར་འཕར་ནས། རྒྱུན་མཐུད“བློ་ཡིད་ཚིམ་པའི”བར་མཚམས་སུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
སྤུས་ཚད་ཀྱི་ཚད་གཞིའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ཏེ། རྒྱལ་ཁབ་ཀྱི་ཚད་གཞི་ཁག་ཁྲི་1.3ལ་བཟོས་པ་དང་བཟོ་བཅོས་བརྒྱབ་ནས། རྒྱལ་ཁབ་ཀྱི་ཚད་གཞིའི་བསྡོམས་འབོར་ཁག་ཁྲི་4.8ཟིན་ཡོད། རྒྱལ་ཁབ་ཀྱི་ཚད་འཇལ་གཞི་གྲངས་ཁག་219བཟོས་པ་དང་། རྒྱལ་སྤྱིའི་ཁས་ལེན་ཐོབ་པའི་དག་སྒྲིག་དང་ཚད་ལེན་ནུས་པ་ཁག་2010ཟིན་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ཀྱི་ཚད་འཇལ་ལག་རྩལ་ཚད་ལྡན་དུ་བཏང་བ་ཁག་652ཁྱབ་བསྒྲགས་བྱས་པ་དེ“ལོ་ལྔ་ཚན་བཅུ་གསུམ་པ”དང་བསྡུར་ན་18%འཕར་ཡོད་པ་རེད།
འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཞིང་། བཟོ་ལས་ཐོན་རྫས་རིགས་14དང་སྣ་ཁ་27ལ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་དོ་དམ་བྱས་ནས། སྒུལ་བདེའི་གློག་ཁུངས་དང་གློག་སྒུལ་སྦག་སྦག་གི་རྨོག་ཞྭ་སོགས་ཉེན་ཁ་ཆེ་བའི་ཐོན་རྫས་སྣ་ཁ་15བཙན་ཤེད་རང་བཞིན་གྱི་ཁས་ལེན་དཔང་འདོན་དོ་དམ་ནང་བཅུག་པ་དང་CCCཡི་ཁས་ལེན་དཔང་འདོན་དེ་ཐོན་རྫས་ཆེ་གྲས་17དང་སྣ་ཁ་106ལ་ཁྱབ་པ་དང་། གློག་གསོག་འབོ་སོགས་ཉེན་ཁ་ཆེ་བའི་ཐོན་རྫས་རིགས་3དང་སྣ་ཁ་11ལ“CCCཡིས་ཁས་ལེན་དཔང་འདོན་མཚོན་རྟགས” ཀྱི་ཚོད་ལྟའི་སྒྱུར་བཅོས་བྱས་པ། གློག་གསོག་འབོ་སོགས་གཙོ་གནད་དྲ་འཚོང་ཐོན་རྫས་སྣ་ཁ་10ལ་རྟགས་སྤྲོད་ཞིབ་བཤེར་ཚོད་ལྟ་བྱེད་པར་སྐུལ་འདེད་བཏང་ཡོད། སྐྱོན་ཡོད་པའི་ཐོན་རྫས་ཚུར་སྐོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ལོ་5ཡི་རིང་ཁྱོན་རླངས་འཁོར་ཁྲི་3803.52དང་ཐེངས་གྲངས་1074ཚུར་སྐོང་བྱས་པ་དང་འཛད་ཟོག་ཁྲི་4040.19དང་ཐེངས་གྲངས་4190ཚུར་སྐོང་བྱས་ཡོད། སྡེ་ཚན་དབར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། “གཉིས་ རྡུང”ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས“དྲ་བའི་སྤུ་གྲི”དང“ཁུ་ནུ”སོགས་ཆེད་དོན་བྱ་སྤྱོད་སྤེལ་བས། མི་སེར་གྱི་འཛད་སྤྱོད་ཀྱི་བདེ་འཇགས་ཚོར་སྣང་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།